སེར་ཤུལ་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་སྐབས་ཁྲིམས་སྐྱོང་སྐོར་སྐྱོད་སྒྲོག་འགྲེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-09


        ཉེ་ཆར།  སེར་ཤུལ་རྫོང་གི་མང་ཚོགས་ཚོས་དབྱར་རྩྭ་དགུན་འབུ་རྐོ་བཞིན་པའི་དུས་སྐབས་དང་བསྟུན་ནས།  སེར་ཤུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་རྫོང་སྤྱི་བདེ་ཅུས་དང་རྫོང་ཁྲིམས་འཛིན་ཁང་བཅས་འབྲེལ་ཡོད་ལས་ཁུངས་འགའ་རྩ་འཛུགས་བྱས་ནས"འབུ་རྐོ་དུས་ཚོད་ཀྱི་ཁྲིམས་སྐྱོང་སྐོར་སྐྱོད་སྒྲོག་འགྲེལ"གྱི་བྱེད་སྒོ་གྲོང་རྡལ་སོ་སོར་སྤེལ།

        ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཡིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་དང་། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བར་སྐུལ་སྤེལ་བྱས་པས་མ་ཚད་མི་དམངས་ཀྱི་བདེ་འཇགས་གཞི་རྩའི་ནུས་པ་ལེགས་པོ་འདོན་ཆེད། གོ་རིམ་ལྡན་པའི་ངང་སེར་ཤུལ་རྫོང"བདུན་ལྔ་"ཁྲིམས་ལུགས་ཁྱབ་གདལ་བཏང་ཞིང་། ཁྲིམས་སྲུང་སྒྲོག་འགྲེལ་བྱས་ཏེ་རྫོང་ཡོངས་སུ་ཁྲིམས་བརྩི།  ཁྲིམས་སྦྱང་། ཁྲིམས་སྤྱོད།  ཁྲིམས་སྐྱོང་སོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཡོད་པ་རེད། 

  

        སྒྲོག་འགྲེལ་གྱི་ནང་དོན་གཙོ་བོ་ནི།   བདེ་འཇགས་བཅའ་ཁྲིམས་ལྟར། དཀར་མཛེས་ཁུལ་དབྱར་རྩྭ་དགུན་འབུ་དོ་དམ་འཆར་གཞི་དང་རྩྭ་ཐང་སྲུང་སྐྱོང་གི་བཅའ་ཁྲིམས། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བཅའ་ཁྲིམས་ནང་དོན་སྒྲོག་འགྲེལ་བྱས་ནས་མང་ཚོགས་ཀྱི་སྤྱི་ཚོགས་དོ་དམ་འཆར་གཞི་ལ་སློབ་གསོས་སྣེ་ཁྲིད་བྱས་པས་མ་ཚད། ཁྲིམས་ལྟར་ས་མཚམས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་སྣེ་ཁྲིད་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1