༄༅།། རྣམ་ཀུན་ནས་སྟབས་བདེའི་ཐུག་པ་ཉུང་ཙམ་ཟ་དགོས་འདུག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-08


        སྟབས་བདེའི་ཐུག་པ་ནི་འཚོ་བའི་ནང་གི་རྒྱུན་མཐོང་གི་ཟས་རིགས་ཤིག་རེད། སྟབས་བདེའི་ཐུག་པར་འཚོ་བཅུད་མེད་པ་ཤེས་ཀྱང་མི་རྣམས་ཀྱིས་ད་དུང་མང་ཉུང་ལ་མ་བལྟོས་པར་ཟ་གི་ཡོད། ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོས་སྟབས་བདེའི་ཐུག་པ་བཟས་དྲགས་ན་ཐུག་པའི་ནང་གི་རྫས་འགྱུར་གྱིས་རུས་པ་སོབ་སོབ་ཆགས་པ་མ་ཟད། ཕོ་བའི་ནད་དང་ཁྲག་ཤེས་མཐོ་བའི་ནད་སོགས་ཕོག་ཉེན་ཆེན་པོ་ཡོད།

        ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད། སྟབས་བདེའི་ཐུག་པ་ཕོར་པ་གང་བཟས་ན་མཆིན་པའི་དུག་སེལ་ཉིན་32བྱེད་དགོས་པས། དེར་བརྟེན་འཛད་སྤྱོད་པས་སྟབས་བདེའི་ཐུག་པ་ཉུང་ཙམ་སྤྱོད་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1