༄༅།། འཁོར་ལྷས་སུ་རླངས་འཁོར་ལ་གནོད་སྐྱོན་བཟོས་ན་སུས་འགན་ཁུར་དགོས།

ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-08


དཔེ་མཚོན་ཅན་གྱི་དོན་རྐྱེན།
        ཟླ་ཕྱེད་ཀྱི་སྔོན་དུ། ཚེ་རིང་ལགས་གྲོགས་པོའི་མགྲོན་འབོད་དུ་རླངས་འཁོར་བསྐོར་ནས་ཟ་ཁང་ཆེན་པོ་ཞིག་གི་སྒོ་འགྲམ་གྱི་རླངས་འཁོར་འཇོག་སའི་གཏན་འཁེལ་གྱི་གནས་དེར་བཞག་རྗེས། རླངས་འཁོར་བཞག་པའི་བྱང་བུ་བླངས་ཏེ་ཟ་མ་བཟའ་རུ་སོང་། ཟ་མ་ཟས་ཚར་རྗེས་ཚེ་རིང་གིས་རླངས་འཁོར་བཞག་པའི་བྱང་བུ་བཟུང་སྟེ་རླངས་འཁོར་ལེན་པའི་སྐབས་སུ། རླངས་འཁོར་སྟེང་དུ་དངོས་པོ་ཟུར་ཁ་རྣོན་པོ་ཅན་ཞིག་གིས་མངོན་གསལ་ཡིན་པའི་ཤུལ་ཆེན་པོ་ཞིག་བྲད་འདུག ཚེ་རིང་གིས་རླངས་འཁོར་ཉོས་ནས་ཉིན་འགའ་ལས་འགོར་མེད་པས་ཁོ་རང་ཡིད་སེམས་ཧ་ཅང་སྡུག་སོང་།
        སྐབས་དེའི་རླངས་འཁོར་བཞག་གླ་སྒོར་5ཡིན་པ་དང་། དེ་མ་ཐག་ཚེ་རིང་གིས་རླངས་འཁོར་འཇོག་སའི་དོ་དམ་པ་བཙལ་བ་མ་ཟད། ཉེན་རྟོགས་པ་ལ་ཡར་ཞུ་བྱས། འོན་ཀྱང་། ཉེན་རྟོག་པ་ཡིས་བརྙན་མིག་ཏུ་ཞིབ་ཏུ་བཙལ་མོད། འོན་ཀྱང་ཚེ་རིང་གི་རླངས་འཁོར་འཇོག་ས་བརྙན་མིག་གིས་མཐོང་མི་ཐུབ་པས། གྱོད་དོན་རྩད་ཆོད་བྱུང་བར་དཀའ་ལས་འཕྲད་སོང་། དེ་བས་རླངས་འཁོར་འཇོག་སའི་འགན་ཁུར་མི་སྣས་བཤད་རྒྱུར། ཚེ་རིང་གི་རླངས་འཁོར་བྲད་པའི་གནས་ས་འདི་ཡིན་པ་ཐག་གཅོད་བྱེད་དཀའ་བས། ཐེངས་དེའི་རླངས་འཁོར་བྲད་པའི་འགྲོ་སོང་དམངས་སྒོར་2000ལྷག་དེ་ཚེ་རིང་ཁོ་རང་ཉིད་ཀྱིས་འགན་འཁུར་དགོས་སོང་། སྐབས་དེར་ཚེ་རིང་ཅི་བྱ་གཏོལ་མེད་དུ་གྱུར་ནས་རང་ཉིད་ཀྱིས་ཐག་གཅོད་བྱེད་ཞོར་ཉེན་འགོག་སྤྱི་གཉེར་ཁང་ལ་འབྲེལ་བ་བྱས།
ཁྲིམས་རྩོད་པའི་དྲན་སྐུལ།
        དོན་དག་ཐག་གཅོད་ཐུབ་མ་སོང་པས་ཚེ་རིང་གིས་བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་རྩོད་པ་ལ་འདྲི་རྟོག་བྱས་པ་ལྟར་ན། ཚོང་ར་ཡིས་མཁོ་འདོན་བྱས་པའི་རླངས་འཁོར་འཇོག་ས་རིན་མེད་དང་རིན་ཡོད་གཉིས་ཀྱི་གང་ཡིན་ཡང་། ཚོང་བདག་དང་འཛད་སྤྱོད་ཀྱི་འབྲེལ་བ་ཡོད་དུས་རླངས་འཁོར་འཇོག་ས་རུ་རླངས་འཁོར་ལ་གནོད་སྐྱོན་བཟོས་པ་ཡིན་ན། རླངས་འཁོར་འཇོག་ས་ཡི་འགན་ཁུར་མི་སྣས་འགན་ཁུར་ཡོད་ཚད་འཁུར་དགོས། དེ་བས་ཚེ་རིང་གི་རླངས་འཁོར་འཇོག་ས་རུ་སྒོར་མོ་སྤྲད་ཟིན་པས། ཕན་ཚུན་ལ་གན་རྒྱ་བཞག་པ་དང་གཅིག་མཚུངས་ཡིན་པ་དང་། དེར་མ་ཟད་ཚེ་རིང་གི་རླངས་འཁོར་ལ་གནོད་སྐྱོན་བཟོ་སའི་ས་གནས་དེའི་རླངས་འཁོར་འཇོག་སའི་བརྙན་མིག་ཚད་ལྡན་མིན་པས། ཚེ་རིང་གིས་རླངས་འཁོར་འཇོག་སའི་དབང་ཆ་འགན་སྲུང་བྱས་ཆོག །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1