ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་སུ་བཀོད་པ་ནི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བའི་བསམ་བློའི་འགན་སྲུང་གལ་ཆེན་ཞིག་རེད།

ཆིའུ་ཧྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-10


        རླབས་ཆེན་གྱི་དུས་རབས་སུ་རླབས་ཆེན་གྱི་གཞུང་ལུགས་ཐོན་ངེས་ཤིང་རླབས་ཆེན་གྱི་གཞུང་ལུགས་ཀྱིས་རླབས་ཆེན་གྱི་དུས་རབས་ཀྱི་སྣེ་ཁྲིད་ངེས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་བྱས་རྗེས་གལ་ཆེན་ཞིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ང་ཚོའི་རང་གི་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱ་དགོས་པའི་བསམ་བློའི་མཛུབ་སྟོན་དུ་གཏན་འཁེལ་བྱས་པར་མ་ཟད་ཏང་གི་སྒྲིག་ཡིག་ཏུ་བཀོད་དེ་ཏང་གི་བསམ་བློའི་མཛུབ་སྟོན་ཡང་བསྐྱར་ཐེངས་གཅིག་ལ་དུས་བསྟན་མདུན་སྐྱོད་བྱེད་པར་མངོན་འགྱུར་བྱུང་། དེང་སྐབས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ཀྱི་ནང་དོན་ཆ་ཤས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་བསམ་འཆར།》བཏོན་པ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་གྲོས་འཆམ་བྱུང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་སུ་བཀོད། ཏང་གི་བསམ་བློ་མཛུབ་སྟོན་རྒྱལ་ཁབ་ཀྱི་མཛུབ་སྟོན་བསམ་བློར་བསྒྱུར་བཀོད་བྱས་ཤིང་། རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཀྱི་རྣམ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས། འདི་ལས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་མངོན་ཞིང་ཏང་གི་ལངས་ཕྱོགས་དང་མི་དམངས་ཀྱི་འདོད་བློ་ཚད་མཐོན་པོས་གཅིག་གྱུར་བྱུང་བ་མཚོན། སྔར་ལས་ལེགས་པར་རྩ་ཁྲིམས་ཀྱི་ཚད་ལྡན་དང་ཁྲིད་སྟོན། སྐུལ་འདེད། འགན་སྲུང་ནུས་པ་འདོན་སྤེལ་བྱས་པར་མ་ཟད། གོམ་གང་མདུན་སྤོས་ཀྱིས་ཏང་ཡོངས་དང་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་བརྩོན་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་། ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་འབད་བརྩོན་གྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།
        ཚན་རིག་དང་མཐུན་པའི་གཞུང་ལུགས་ནི་དུས་རབས་ཀྱི་ཉིང་བཅུད་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་མདུན་དུ་བསྐྱོད་པའི་རླབས་ཆེན་གྱི་དར་ཆ་ཡིན་པ་རེད། མར་ཁེ་སིའི་རིང་ལུགས་ནི་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་སྟེང་གི་ཆེས་རླབས་ཆེན་གྱི་གཞུང་ལུགས་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་དང་མིའི་རིགས་བཅིང་གྲོལ་ཐོབ་པའི་རྣོ་དབལ་གྱི་བསམ་བློའི་དྲག་ཆས་ཡིན་པ་རེད། དུས་བསྟུན་མདུན་བསྐྱོད་ཀྱི་གཞུང་ལུགས་ངོ་བོ་ལྡན་པའི་མར་ཁེ་སིའི་རིང་ལུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་དང་། དུས་རབས་ཀྱི་འགྱུར་ལྡོག་དང་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་ཕྱིན་ངེས། ང་ཚོའི་ཏང་དབུ་བརྙེས་པ་ནས་བཟུང་མར་ཁེ་སིའི་རིང་ལུགས་རང་གི་དར་ཆའི་ངོས་སུ་བྲིས་ཤིང་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་གསར་གཏོད་བྱས། མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་གྱི་ལག་ལེན་དང་ཟུང་དུ་འབྲེལ་བའི་གོ་རིམ་ཁྲོད་མའོ་ཙེ་ཏུང་གི་དགོངས་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་གྱི་”དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདུས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ཅིག་གྲུབ་པ་རེད། དེའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྲུབ་འབྲས་གསར་པ་དང་དུས་རབས་21གྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་ཡིན་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས། དུས་མཚུངས་སུ་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་བཏོན་ཞིང་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ངོས་ནས་མ་ལག་ལྡན་པའི་སྒོ་ནས་དུས་རབས་གསར་པར་ཅི་ལྟ་བུའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚིགས་རིང་ལུགས་རྒྱུན་འཁྱོངས་དང་ཇི་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ལན་བཏབ་པ་རེད། གཞུང་ལུགས་དང་ལག་ལེན་གྱི་གནད་དོན་འདིར་དམིགས་ཏེ་ལན་བཏབ་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སིའི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བུས་མཛུབ་སྟོན་བྱས་པ། བསམ་བློ་བཅིང་གྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་བབ་བསྐྱོད། བདེ་འཚོལ་དངོས་གཉེར་རྒྱུན་འཁྱོངས་བྱས་ཤིང་། 
        དུས་རབས་གསར་པའི་ཆ་རྐྱེན་དང་ལག་ལེན་གྱི་བླང་བྱ་དང་དམ་དུ་འབྲེལ་ནས་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན། མཐོང་སྣེ་གསར་པས་གུང་ཁྲན་ཏང་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་གཏོད། དགོངས་པ་གལ་ཆེན་འདིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཚན་རིག་དང་མཐུན་པའི་དོན་སྙིང་གསར་པ་བསྣན་ཞིང་མར་ཁེ་སིའི་རིང་ལུགས་ཀྱི་རྣམ་པ་གསར་པ་གཏོད་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་གཏོད། ཏང་སྐྱོང་རྒྱལ་གཉེར་གྱི་རྣམ་པ་གསར་པ་གཏོད། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་པ་སྟེ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་བརྩོན་པའི་ཕྱོགས་སྟོན་ཡིན་པ་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཤིང་ལག་ལེན་ལ་མཛུབ་སྟོན་བྱས་ཚེ་ད་གཟོད་གཏིང་ཟབ་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་རང་རྒྱལ་གྱིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་ལ་ངོས་འཛིན་བྱེད་ཐུབ་པ་དང་། ད་གཟོད་སྔར་ལས་ལེགས་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་ལས་གཞིའི་སྤྱིའི་བཀོད་སྒྲིག་ལ་ངོས་འཛིན་བྱས་ཏེ། རང་རྟོག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་གྱི་འོས་འགན་ཆེད་དུ་འབད་བརྩོན་ལྷོད་མེད་དང་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་འགན་སྲུང་བྱ་དགོས།
        རང་རྟོག་གིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་པས་བསམ་བློར་དྲག་ཆས་སྤྲས་པ་དང་། འཕེལ་རྒྱས་ཅན་གྱི་མར་ཁེ་སིའི་རིང་ལུགས་ཀྱིས་ལག་ལེན་གསར་པར་མཛུབ་སྟོན་བྱེད་པ་ནི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁར་བསྐྱོད་པའི་རིན་བྲལ་གྱི་ཉམས་མྱོང་ཡིན་པ་རེད། སྔར་ལས་ལེགས་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པའི་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཁྲོད་ཀྱི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ། ཏང་གི་ཚོགས་ཆེན་བཅུ་དགུ་པར་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནི་དུས་བསྟུན་ངང་ཏང་ནང་ཁུལ་གྱི་རྩ་བའི་ཁྲིམས་ཀྱི་རྣམ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་ཡོངས་ཀྱི་བསམ་བློའི་མཛུབ་སྟོན་དུ་གཏན་འཁེལ་བྱས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཡང་བསྐྱར《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ཀྱི་ནང་དོན་ཆ་ཤས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་བསམ་འཆར།》བཏོན་ཞིང་། ཆེས་གཙོ་བོར་གྱུར་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་སུ་བཀོད་པ་དེ་རེད། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་དང་རྒྱལ་སྐྱོང་བདེ་བཀོད་ཀྱི་སྤྱིའི་སྒྲིག་ཡིག ཏང་དང་མི་དམངས་ཀྱི་འདུ་ཤེས་གཅིག་བསྡུས་ངང་མཚོན་ཡོད་པ་རེད། རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལམ་ལུགས་དང་རྩ་དོན། སྒྲིག་སྲོལ་རབ་དང་རིམ་པ་དང་། གཏན་འབེབས་བྱས་པའི་སྲིད་ཇུས་བྱེད་ཕྱོགས་ཆེན་པོ་རབ་དང་རིམ་པས་རང་རྒྱལ་གྱི་མི་རིགས་སོ་སོའི་ཐུན་མོང་འདུ་ཤེས་ཀྱི་རྩ་བའི་ཁེ་ཕན་མཚོན་ཞིང་། ང་ཚོའི་རྒྱལ་ཁ་དང་མི་དམངས་ཀྱིས་དཀའ་སྡུག་དང་ཉེན་ཁ་སྣ་ཚོགས་མྱོང་བའི་ཚོད་བགམ་དང་། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་བསྙེག་ནས་འཕེལ་རྒྱས་སུ་ཕྱིན་ཞིང་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་ཡིན། རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཏེ་སྤྱི་ལོ་1982ལོར་རྩ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་རྗེས་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལག་ལེན་དང་འཕེལ་རྒྱས་ལྟར་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་རྒྱལ་ཡོངས་དམངས་ཆེན་གྱིས་སྔ་རྗེས་སུ་ཐེངས་4ལ་དོན་ཚན་རེ་འགའ་དང་ནང་དོན་ཁ་ཤས་ལ་དགོས་ངེས་དང་ཤིན་ཏུ་གལ་འགངས་ཆེ་བའི་བཟོ་བཅོས་བྱས་ཏེ། དུས་ཐོག་ཏུ་ཏང་དང་མི་དམངས་ཀྱིས་གསར་གཏོད་བྱས་པའི་རླབས་ཆེན་གྱི་གྲུབ་འབྲས་དང་རིན་ཐང་བྲལ་བའི་ཉམས་མྱོང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གཏན་འཁེལ་ལ་བཀོད་པ་རེད། དེའི་ཁྲོད་1999ལོའི་ཟླ་3པའི་ཚེས་15ཉིན་སྐབས་དགུ་བའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པར་གྲོས་འཆམ་བྱུང་བའི་རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་གྱི་དོན་བཅུ་གཉིས་ཀྱི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་རྩ་ཁྲིམས་སུ་བཀོད་པ་རེད། 2004ལོའི་ཟླ་3པའི་ཚེས་14ཉིན། སྐབས་བཅུ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་གྲོས་འཆམ་བྱུང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་དོན་ཚན་བཅོ་བརྒྱད་པས་“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་རྩ་ཁྲིམས་སུ་བཀོད་པར་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་བཏོན། ད་ལྟ་རྩ་ཁྲིམས་བཟོ་བཅོས་ལ་གྲོས་འཆམ་བྱུང་སྟེ་དུས་བབ་དང་བསྟུན་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་སུ་བཀོད་དེ། ཏང་གི་མཛུབ་སྟོན་བསམ་བློ་གཏན་ཚིགས་དང་མཐུན་པར་གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་ཀྱི་མཛུབ་སྟོན་བསམ་བློ་དང་གཏན་འཁེལ་བྱས་ཤིང་ཏང་གི་ལངས་ཕྱོགས་དང་རྒྱལ་ཁབ་ཀྱི་འདུ་ཤེས། མི་དམངས་ཀྱི་འདོད་བློ་བཅས་ཚད་མཐོན་པོའི་གཅིག་གྱུར་མངོན་གྱུར་བྱུང་། འདི་ནི་དུས་རབས་གསར་པའི་རེ་འདོད་ལ་བསྟུན་པའི་གནད་འགག་ཅིག་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་དགོས་མཁོ་ཞིག་ཀྱང་ཡིན་པར་མ་ཟད། རང་རྒྱལ་རྩ་ཁྲིམས་ཀྱི་དུས་བསྟུན་མདུན་བསྐྱོད་དང་འཐུས་ཚང་འཕེལ་རྒྱས་ཀྱི་ནང་གནས་ཀྱི་བླང་བྱའང་ཡིན་པས་རྩ་ཁྲིམས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་སྔར་ལས་ལེགས་པའི་ནུས་པ་འདོན་སྤེལ་བྱ་ངེས།
        རྩ་ཁྲིམས་ལ་ཆེས་མཐོ་བའི་ཁྲིམས་ལུགས་ཀྱི་གོ་གནས་དང་ཁྲིམས་ལུགས་ཀྱི་དབང་གྲགས། ཁྲིམས་ལུགས་ཀྱི་ནུས་ཕྱོད་ལྡན། རྒྱལ་ཁབ་ཀྱི་ལམ་ལུགས་རིགས་སོ་སོ་དང་ཁྲིམས་ལུགས་སྒྲིག་སྲོལ་གྱི་སྤྱིའི་གཞི་འཛིན་ས་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཆེས་མཐོ་བའི་བྱ་སྤྱོད་ཀྱི་ཚད་གཞི་ཡིན་པ་རེད། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང་རྒྱལ་ཁབ་ཀྱི་སྡེ་ཁག དྲས་ཆས་སྟོབས་ཤུགས། སྲིད་ཏང་སོ་སོ་དང་སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ། ཁེ་ལས་དང་ལས་དོན་རྩ་འཛུགས་སོ་སོ། གྲོང་རྡལ་གཞི་རིམ་གྱི་རང་སྐྱོང་རྩ་འཛུགས་བཅས་ཚང་མས་རྩ་ཁྲིམས་བྱ་འགུལ་གྱི་གཞི་འཛིན་ས་བྱ་དགོས། ཚང་མར་རྩ་ཁྲིམས་ཀྱི་ཟིལ་དབང་ལ་འགན་སྲུང་དང་རྩ་ཁྲིམས་ལག་བསྟར་ལ་ཁག་ཐེག་བྱེད་པའི་འོས་འགན་ཡོད་པ་རེད། རང་རྒྱལ་གྱི་རྩ་ཁྲིམས་ཕྱི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་དང་བསྡུར་ན་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ཞིག་ཡོད་པ་ནི་རང་རྒྱལ་གྱི་རྩ་བའི་འོས་འགན་དང་འཕེལ་རྒྱས་བགྲོད་ལམ། འབད་བརྩོན་དམིགས་འབེན། དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེས་ཁམས་དཔལ་ཡོན་འཛུགས་སྐྲུན་གཏན་འཁེལ་བྱས་ཤིང་། རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་དོན་དག་རྩ་ཁྲིམས་ཁྲོད་མངོན་པ་དང་བླང་བྱ་བཏོན་ཡོད་པ་དེ་རེད། འདི་ནི་རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་གོང་འཕེལ་ལ་སྐུལ་འདེད་དང་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་འགན་སྲུང་། ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེན་བསྐྱར་དེར་མངོན་དུ་འགྱུར་བར་འགན་སྲུང་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཡིན་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་བཅོས་སྒྱུར་བརྟན་བརླིང་འཕེལ་རྒྱས་དང་ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་བཅོས་དམག་བཅོས་སོགས་ཀྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་ཁེབས་པའི་ནང་དོན་ཕུན་སུམ་ཚོགས་ཤིང་བརྗོད་དོན་གཏིང་ཟབ་པའི་བསམ་བློའི་མ་ལག་ཅིག་ཡིན་པ་རེད། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ངོས་ནས་མ་ལག་ལྡན་པའི་སྒོ་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་དམིགས་འབེན་དང་སྤྱིའི་འོས་འགན། སྤྱིའི་བཀོད་སྒྲིག སྤྱིའི་འཐབ་ཇུས། འཕེལ་རྒྱས་ཁ་ཕྱོགས། འཕེལ་རྒྱས་ཐབས་ལམ། འཕེལ་རྒྱས་སྒུལ་ཤུགས། འཐབ་ཇུས་གོ་རིམ། ཕྱི་ཕྱོགས་ཀྱི་ཆ་རྐྱེན། ཆབ་སྲིད་འགན་སྲུང་སོགས་གཞི་རྩའི་གནད་དོན་ལ་ལན་བཏབ་པར་མ་ཟད། ལག་ལེན་གསར་པའི་ངོས་ནས་དཔལ་འབྱོར་དང་ཆབ་སྲིད། ཁྲིམས་སྐྱོང་། ཚན་རྩལ། རིག་གནས། སློབ་གསོ། དམངས་གཙོ། མི་རིགས། ཆོས་ལུགས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་དང་དམག་དཔུང་། 
        “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར། འཐབ་ཕྱོགས་གཅིག་གྱུར། ཕྱི་འབྲེལ། ཏང་གི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་གཞུང་ལུགས་དབྱེ་ཞིབ་དང་སྲིད་ཇུས་མཛུབ་སྟོན་བྱས་པར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྣེ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་སུ་བཀོད་པ་ནི་ཆེས་མཐོ་བའི་ཁྲིམས་ལུགས་ཀྱི་དབང་གྲགས་དང་ཁྲིམས་ལུགས་ཀྱི་ནུས་ཕྱོད་བསྩལ་བ་དང་། རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཀྱི་རྣམ་པའི་སྟེང་ནས་དུས་རབས་གསར་པའི་རང་རྒྱལ་གྱི་རྩ་བའི་འོས་འགན་དང་འགོ་ཁྲིད་སྲོག་ཤིང་། མཛུབ་སྟོན་བསམ་བློ། འཕེལ་རྒྱས་བགྲོད་ལམ། འབད་བརྩོན་དམིགས་འབེན། འཐབ་ཇུས་གོ་རིམ། གཞི་རྩའི་ཇུས་གཞི་བཅས་གཏན་འཁེལ་བྱས་ཏེ་མི་དམངས་ཡོངས་ཀྱི་ཐུན་མོང་གི་འདོད་བློར་གྱུར་བར་མ་ཟད། རྒྱལ་ཁབ་ཀྱི་ལས་དོན་ཁག་དང་ཕྱོགས་སོ་སོའི་ལས་ཀ་ཁག་གི་རྩ་བའི་སྲུང་བྱར་གྱུར་བར་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་གཏིང་ཟབ་པའི་སྒོ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱས་ཏེ་བསམ་བློ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྟེང་གཅིག་གྱུར་བྱེད་པ་དང་། སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་སྡུད་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་ཐུན་མོང་གི་བསམ་བློའི་རྨང་གཞི་བསྐྲུན་པ་དང་བསམ་བློའི་གཞི་རྟེན་འདོན་སྤྲོད་བྱས་ཏེ་སྔར་ལས་ལེགས་པར་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་འབད་བརྩོན་བྱེད་པར་དགེ་མཚན་ཆེན་པོ་ལྡན་པ་རེད།
        གཞུང་ལུགས་ཀྱི་འོད་ཟེར་རྒྱ་ཆེ་བའི་བགྲོད་ལམ་གྱི་སྟེང་དུ་འཕྲོས་ཤིང་རླབས་ཆེན་གྱི་གཞུང་ལུགས་ཀྱིས་ལས་དོན་གྱི་བཀྲག་མདངས་བསྐྲུན། ཐེངས་འདིའི་རྩ་ཁྲིམས་བཟོ་བཅོས་བརྒྱུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་སུ་བཀོད་དེ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཡུན་རིང་བདེ་བཀོད་ལ་རླབས་ཆེན་གྱི་བསམ་བློའི་དར་ཆ་བསྒྲེངས་པར་སྔར་ལས་ལེགས་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་རྒྱལ་ཁབ་ཀྱི་ལས་དོན་ཁག་དང་ཕྱོགས་སོ་སོའི་ལས་ཀར་མཛུབ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་གཞུང་ལུགས་ཀྱི་དྲག་ཆས་དང་བསམ་བློའི་སྣེ་ཁྲིད་དེ་མི་དམངས་མང་ཚོགས་ཀྱི་མཐུན་སྒྲིལ་འབད་བརྩོན་གྱི་སྟོབས་ལྡན་གྱི་དངོས་པོའི་སྟོབས་ཤུགས་སུ་བསྒྱུར་བཀོད་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་འགན་སྲུང་བྱས་ཏེ་“བརྒྱ་ལོ་གཉིས”ཀྱི་འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཁྲོད་ལེའུ་གསར་པ་འབྲི་བ་མངོན་དུ་འགྱུར་ངེས།།
       ཡོངས་ཁུངས།《བདེ་འཚོལ།》


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1