ས་འགུལ་གནོད་སེལ་སྙིང་སྟོབས་སྤེལ། དམངས་ལ་བདེ་སྐྱིད་འཚོ་བ་སྟེར། ཝུན་ཁྲོན་ས་འགུལ་ཆེན་མོ་བྱུང་ནས་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་མཛད་སྒོ་དེ་ཡིང་ཞོའུ་གྲོང་རྡལ་ནས་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 05-14



        ཟླ༥བའི་ཚེས༡༢ཉིན་གྱི་དུས་ཚོད༡༤དང་སྐར༢༨དེ། ལོ་ངོ་བཅུ་ཡི་སྔ་རོལ་དུ་ཝུན་ཁྲོན་ས་འགུལ་ཆེན་མོ་བྱུང་བའི་དུས་ཡིན་ལ། སྐབས་དེར་སི་ཁྲོན་ཞིང་ཆེན་གྱིས་ཡིང་ཞོའུ་རུ་ཝུན་ཁྲོན་ས་འགུལ་ཆེན་མོ་བྱུང་ནས་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་མཛད་སྒོ་སྤེལ་ནས། ས་འགུལ་གྱི་གནོད་འཚེ་ལས་ཚེ་སྲོག་ཤོར་བའི་སྤུན་ཟླ་དང་ས་འགུལ་གནོད་སེལ་སྐབས་སུ་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་མྱ་ངན་ཞུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་གནོད་འགོག་གནོད་སེལ་སྐོར་གྱི་མཛུབ་སྟོན་བཀའ་སློབ་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་ཏང་དང་རྒྱལ་ཁབ། རྒྱལ་ཡོངས་མི་དམངས་ལ་དྲིན་གཟོ་བའི་བསམ་པ་དེ་ལས་དོན་སོ་སོ་ལེགས་པོར་བསྒྲུབ་པའི་ལག་ལེན་དངོས་སུ་བསྒྱུར་ནས། སི་ཁྲོན་དར་རྒྱས་སྐས་རིམ་གསར་བ་ཞིག་ཏུ་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།

        ཐེངས་འདིའི་མཛད་སྒོར་ཀྲུང་གོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཕིན་ཕའེ་ཡུན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དཔོན་པོ་ལིན་ཀྲིན་ཡའེ་ཨུ། ནུབ་རྒྱུད་འཐབ་ཁུལ་གྱི་སི་ལིན་ཡོན་ཀྲའོ་ཙུང་ཆི། ནུབ་རྒྱུད་འཐབ་ཁུལ་གྱི་སྲིད་ཨུ་ཝུའུ་ཧྲེ་ཀྲོའུ། ཤང་ཀང་ཀྲུང་གོ་མཉམ་འབྲེལ་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཀྲི་མེང་ཕེབས་ཤིང་གསུང་བཤད་གནང་། ཞིང་ཨུའི་ཧྲུའུ་ཅི་ཕིན་ཆིང་ཧྭ་མཛད་སྒོར་ཕེབས་ཏེ་གསུང་བཤད་གནང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལིས་རྗེས་དྲན་མཛད་སྒོའི་གཙོ་འགན་བཞེས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁི་ཙུན་ཕིང་། ཞིང་ཨུའི་ཧྲུའུ་ཞི་གཞོན་པ་ཏེང་ཞའོ་ཀང་བཅས་མཛད་སྒོར་ཕེབས་ཡོད།



        མཛད་སྒོར་ཞུགས་པའི་ལས་རིགས་སོ་སོའི་མི་སྣ་རྣམས་ཡར་ལངས་ནས་ཝུན་ཁྲོན་ས་འགུལ་ལས་ཚེ་སྲོག་ཤོར་བའི་སྤུན་ཟླ་དང་ས་འགུལ་གནོད་སེལ་སྐབས་སུ་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་སྙིང་ཐག་པ་ནས་མྱ་ངན་ཞུས་པ་རེད། དེའི་རྗེས་སུ། ཞིང་ཨུའི་ཧྲུའུ་ཅི་ཕིན་ཆིང་ཧྭས་གསུང་བཤད་གལ་ཆེན་གནང་བ་རེད། 


 ཉིན་དེར། རྗེས་དྲན་མཛད་སྒོར་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་འགན་ཁུར་བ་རྣམས་ཀྱིས་གནོད་ཁུལ་དར་རྒྱས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡི་འགོ་ཁྲིད་དང་ཤང་ཀང་དམིགས་བསལ་ས་ཁུལ་གྱི་སྲིད་གཞུང་གི་འཐུས་མིའི་ཚོགས་པ། ཨའོ་མོན་དམིགས་བསལ་ས་ཁུལ་གྱི་སྲིད་གཞུང་གི་འཐུས་མིའི་ཚོགས་པ། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར༡༨ཀྱི་འགོ་ཁྲིད། ནུབ་རྒྱུད་འཐབ་ཁུལ་དང་ཞིང་ཆེན་དམག་ཁུལ་སོགས་ཀྱི་འགོ་ཁྲིད། ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་སོགས་མི་སྣ་མང་བོ་རྗེས་དྲན་མཛད་སྒོ་ལ་ཞུགས་ཡོད།














དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1