《དཀར་མཛེས་ཉིན་རེའི་ཚགས་པར》བསྒྲུབས་ནས་ལོ་60འཁོར་བར་དྲན་གསོའི་བཞུགས་མོལ་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


    སྤྱི་ཟླ་8པའི་ཚེས་21ཉིན་གྱི་སྔ་དྲོར། 《དཀར་མཛེས་ཉིན་རེའི་ཚགས་པར》་བསྒྲུབས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་དར་མདོའི་མཛའ་གཞས་མགྲོན་ཁང་ཆེན་མོར་འཚོགས་པ་རེད། ཁུལ་འབྲེལ་ཡོད་འགོ་ཁྲིད་དང་ཐེངས་བཅུ་བཞི་པའི་བོད་སྐད་སྨྱད་སྦྱོར་མཐུན་སྦྱོར་ཚོགས་འདུར་ཡོང་བའི་མི་སྣ་ཡོངས་རྫོགས། ཚགས་པར་ཁང་གི་སྔོན་མའི་འགོ་ཁྲིད་རྒན་པ། ཆེད་དུ་གདན་ཞུ་བྱས་པའི་ཚགས་པར་དཔྱད་འཇོག་པ་དང་གསར་འགོད་པ་སོགས་མི་སྣ་100ལྷག་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
    བཞུགས་མོལ་ཚོགས་འདུའི་ཐོག་ཁ་བྱང་ལ་ཉི་འོད་ཀྱི་འགྲོ་ལམ་ཐོག་ཏུ་སྐྱོད་པ་ཞེས་པའི་ཆེད་དོན་གློག་བརྙན་ལ་བལྟས་པར་བརྒྱུད་དཀར་མཛེས་ཉིན་རེའི་ཚགས་པར་ཁང་བཙུགས་ནས་ད་བར་གྱི་ལོ་རྒྱུས་ལ་ཕྱིར་འདང་བརྒྱབ་པ་དང་འབྱུང་འགྱུར་གྱི་ལས་ཀར་འཆར་འགོད་ཇི་ལྟར་བྱས་པ་ཀུན་ལ་ཤེས་རྟོགས་བྱེད་དུ་འཇུག་པ་དང་། ལས་ཁུངས་དང་ཚགས་པར་ཁང་སོགས་ཀྱི་འཐུས་མི་ཚོས་རང་ཉིད་འཚར་ལོངས་བྱུང་བའི་ལོ་རྒྱུས་དང་འབྲེལ་ནས་རྟེན་འབྲེལ་ཞུ་ཚིག་ཕུལ་བ་དང་ཆབས་ཅིག་ཚགས་པར་གྱི་སྤུས་ཚད་མཐོར་འདེགས་ཇི་ལྟར་གཏོང་དགོས་པའི་སྐོར་བཞུགས་མོལ་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1