པཱ་ཡུས་ཐེ་ལན་དིའི་གནས་སྐབས་ཙུང་ལིར་བདམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


         ཐེ་ལན་དིའི་རྒྱལ་ཁབ་ཁྲིམས་འཛུགས་གྲོས་ཁང་གིས་སྤྱི་ཟླ་8ཚེས་21ཉིན་གྲོས་ཚོགས་བསྡུས་ཏེ། སྐམ་དམག་གི་དམག་སྤྱི་ཆེན་མོ། དམག་དོན་སྲིད་གཞུང་རྒྱལ་ཡོངས་ཞི་བདེ་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཡུས་གནས་སྐབས་ཀྱི་ཙུང་ལིར་འདེམ་བསྐོ་བྱས།
         པཱ་ཡུས་ནི་ཉིན་དེའི་འདེམ་བསྐོའི་འདེམ་སྒུག་མི་སྣ་གཅིག་པུ་ཡིན་པ་དང་། ཉིན་དེར་གྲོས་ཚོགས་ལ་ཞུགས་པའི་གྲོས་མི་བརྒྱ་དང་གོ་བཞིའི་ནང་། གྲོས་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གཉིས་ཀྱིས་འདེམ་ཤོག་འཕེན་པའི་དབང་ཆ་སྐྱུར་བ་ལས་གཞན། ཁོངས་མི་ཚང་མ་པཱ་ཡུས་ཀྱིས་ཙུང་ལིའི་འགན་ཁུར་བར་གཅིག་གྱུར་འཐད་པ་བྱུང་། བསྐོ་འཇོག་དེར་རྒྱལ་བོ་ཨ་ཏུའུ་ཏི་ཡིས་ཆོག་མཆན་འགོད་དགོས་པ་རེད། འཇར་པན་ཏུང་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲ་ཁྲ་ཝ་ཨར་ཕིན་པིན་གྱིས་བལྟས་ན། དམག་དོན་སྲིད་གཞུང་གིས་དབང་ཤུགས་དེ་དམངས་ཀྱིས་བདམས་པའི་སྲིད་གཞུང་ལ་མ་སྤྲད་གོང་ཐཱ་ཞིན་གྱི་ཤུགས་རྐྱེན་ཡོད་ཚད་མེད་པར་གཏོང་རྩིས་རེད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1