ཉག་རོང་རྫོང་གིས་ཡུལ་དངོས་སུ་དབུལ་ཐར་འགག་སྒྲོལ་གྱི་ལས་སྒོ་གསོ་སྦྱོང་བྱས།

ཡེ་ཤེས་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-16


      ཉེ་ཆར། ཉག་རོང་རྫོང་གིས་ཡུལ་དངོས་སུ2018ལོའི་དབུལ་ཐར་འགག་སྒྲོལ་གྱི་ལས་སྒོ་གསོ་སྐྱོང་སྦྱོང་བརྡར་བྱེད་འགོ་ཚུགས་པ་རེད། རྫོང་ཡོངས་སུ་དབུལ་ཐར་འགག་སྒྲོལ་གྱི་ལས་སྒོ་གསོ་སྐྱོང་སྦྱོང་བརྡར་གྱི་ཚོ་ཁག་བཞིར་བགོས་པ་དང་། ཚོ་ཁག་རེར་ཡུལ་ཚོ་གཅིག་དང་གྲོང་སྡེ་གཅིག དབུལ་པོའི་དུད་ཚང3ནས5བར་བདམས་པ་དང་། ཡུལ་གྲོང་གི་ལས་སྒོ་མི་སྣས་གཙོ་ཁྲིད་བྱ་ དགོས་ཤིང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་དཔྱད་བསྡུར་ཁ་གསབ་བྱེད་པ་དང་། ཚོགས་ཞུགས་ཡུལ་ཚོ་དང་གྲོང་སྡེ་ལས་བྱེད་པས་ཉམས་མྱོང་སྤེལ་རེས་བརྒྱུད་ནས་ཐོན་ཁུངས་མཉམ་སྤྱོད་བྱས་པ་རེད།
      སྤྱི་ཟླ5པའི་ཚེས4ཉིན་ལ་ཐོག་མ་ཤང་ལུང་གཤིས་ཤང་དུ་གསོ་སྦྱོང་བྱ་འགོ་ཚུགས་ཤིང་། ཤང་ལུང་གཤིས་ཤང་གི་ལས་བྱེད་པ་ཐམས་ཅད་ཀྱིས་ཁྱད་ཆོས་ལྡན་པའི་བོད་གོས་གྱོན་ནས་རྫོང་རིམ་པའི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན། གྲོང་ཡུལ་ཁག་གི་ལས་བྱེད་པ་རྣམས་ལ་བསུ་མ་ཞུས་ཤིང་། གསོ་སྦྱོང་ཚོགས་འདུ་ཐོག་ཏུ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཐེངས་འདིའི་ཡུལ་དངོས་སུ་གསོ་སྦྱོང་ཚོགས་འདུ་འཚོགས་པའི་ དམིགས་ཡུལ་དང་བརྒྱུད་རིམ། དབུལ་སྐྱོར་གནད་སྨིན་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་སོགས་འགྲེལ་བཤད་བྱས་པ་དང་། རྫོང་ཏང་ཨུའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཚོགས་ཞུགས་ལས་བྱེད་པ་རྣམས་ལ་གྲུབ་འབྲས་ཆེན་པོ་འཐོབ་ཐུབ་པའི་ཐོག་རང་ཉིད་ཀྱི་མི་འདང་ས་ལེགས་བཅོས་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ སྔར་ལས་ལེགས་སྤེལ་གཏང་དགོས་པའི་རེ་བ་བཏོན་ཞིང་། ཤང་ལུང་གཤིས་ཤང་གི་ལས་བྱེད་པ་རྣམས་ཀྱིས་ལས་སྒོ་བཀོད་སྒྲིག་ལྟར་གོ་རིམ་ལྡན་པའི་སྒོ་ནས་དབུལ་ པོའི་དུད་ཚང་གདམ་གསེས་བྱས་པ་ནས་དབུལ་པོའི་དུད་ཚང་དབུལ་ཕོངས་ཀྱི་གྲལ་ནས་ཕྱིར་འབུད་པའི་གོ་རིམ་དང་སྲིད་ཇུས། གྲོང་སྡེ་རིམ་པའི་དཔྱད་གཞིའི་ཡིག་ཚགས། དབུལ་སྐྱོར་གནད་སྨིན་སྐོར་དང་ལས་ཀ་གཙོ་གནད་མངོན་གསལ་སྒྲུབ་སྟངས་སོགས་དཔེ་མཚོན་དང་སྦྲགས་ནས་འགྲེལ་བཤད་གསལ་པོར་བྱས་པས་མ་ཚད་དབུལ་པོ་ལས་ཕྱིར་འབུད་པའི་གྲོང་སྡེའི་རྨང་གཞི་འཛུགས་སྐྲུན་བྱས་ཚུལ་གྱི་ཡུལ་དངོས་དང་དབུལ་པོའི་ཁྱིམ་དུ་ཁྲིད་ནས་དབུལ་སྐྱོར་ལས་ཀ་མིག་མཐོང་ལག་ཟིན་གྱི་བསྒྲུབས་ཚུལ་གསལ་འབྱེད་བྱས་ཏེ་གསོ་སྦྱོང་གི་དམིགས་ཡུལ་འགྲུབ་པར་ཁག་ཐེག་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1