ཞི་ཅིན་ཕིང་དང་ཁོང་གི་ཡུམ་ཆེན།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-16



            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔེ་སྒྲོམ་ཐོག་ཞི་ཅིན་ཕིང་གིས་སྤྱི་གླིང་ནང་དུ་ཡུམ་ཆེན་ལ་ཕེབས་རོགས་ཞུས་གནང་བའི་དྲོ་སྐྱིད་ལྡན་པའི་སྐུ་པར་ཞིག་བཤམ་གནང་ཡོད།




            ཡུམ་ཆེན་གྱི་ཐུགས་ཁྲལ།

            ཞི་ཅིན་ཕིང་གི་ཕ་མ་གཉིས་ཀ་ལས་བྱེད་པ་རྒན་རབས་དང་ཏང་ཡོན་རྒན་རབས་རེད། སྤྱི་ལོ་༡༩༦༢ལོར་ཡབ་ཆེན་ཞི་ཀྲུང་ཞུན་ལ་ཉེས་མེད་ཁ་གཡོགས་བྱུང་བས་ཡུམ་ཆེན་གྱིས་ལོ་ན་མ་སོན་པའི་བུ་ཆུང་བ་ཞིན་ཡོན་ཕིང་འཁྲིད་ནས་ཧོ་ནན་ཞིང་ཆེན་ཧོང་ཧྥན་ཁུལ་གྱི་ཞིང་ར་ཞིག་ཏུ་ངལ་རྩོལ་ནང་ཞུགས་པ་དང་གཅེན་མོ་གཉིས་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ནང་གཤམ་སྐྱོད་ལ་བཏང་བ་དང་ཞི་ཅིན་ཕིང་ཡང་ཧྲེན་པེར་རུ་ཁག་ནང་ཞུགས།
            སྤྱི་ལོ་2015ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགའ་སྟོན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐང་རྒྱལ་རབས་ཀྱི་སྙན་ངག་པ་མོང་ཅོའི་ཡུལ་སྐོར་བའི་བཤད་པ་ཞེས་པའི་སྙན་ངག་གྱེར་འདོན་གནང་ཡོད། ཁོང་གིས་སྙན་ངག་དེས་ཀྲུང་གོའི་མི་དམངས་ཀྱི་ཁྱིམ་ཚང་གི་མཛའ་སེམས་ཟབ་མོ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་ཅེས་གསུངས་ཡོད།
            ཞི་ཅིན་ཕིང་ལེང་ཅ་ཧོ་ནས་ཞལ་གྱེས་སྐབས། ཡུམ་ཆེན་ནས་བཙེམ་པའི་དངུལ་ཁུག་དེ་ཁྱིམ་མཚེས་ཀྲང་ཝུད་བང་ལ་དྲན་རྟེན་དུ་བཞག་གནང་ཡོད་ཅིང་། ཁོང་གིས་ང་ཕྱིན་ན་ཡང་། ངའི་སེམས་པ་དེ་གར་བཞག་ཡོད་ཅེས་གསུང་པ་ལྟར་ཡིན་པ་རེད།
ཞི་ཅིན་ཕིང་སློབ་གྲྭ་ཆེན་མོར་ཕེབས་སྐྱེལ་ཞུ་སྐབས་ལེང་ཅ་ཧོའི་གྲོང་མི་དང་མཉམ་དུ་བསྐྱོན་པའི་འདྲ་པར།
            ཡུམ་ཆེན་གྱི་མངགས་བཅོལ། 
            ལྷག་བསམ་ཟོལ་མེད་ཀྱིས་མེས་རྒྱལ་ལ་དྲིན་ལན་མཇལ་བ།
            ཞི་ཅིན་ཕིང་གིས་ཁྱིམ་ཚང་སློབ་གསོར་དགོངས་ཚོར་ཟབ་མོ་ཡོད། ཁོང་གི་རྒྱལ་ཁབ་ལ་བཅངས་པའི་འགན་སེམས་ནི་ཆུང་བྱིས་པའི་དུས་ནས་ཁྱིམ་ཚང་གི་ཁོར་ཡུག་འོག་ཤུགས་རྐྱེན་ཐེབས་ནས་ཆགས་པ་ཞིག་ཡིན་པ་རེད
སྤྱི་ལོ་༡༩༥༨ལོར་ཞི་ཀྲུང་ཤུན་དང་བུ་ཞི་ཅིན་ཕིང་། ཞི་ཡོན་ཕིང་གཅེན་གཅུང་བཅས་པ།
            ཞི་ཅིན་ཕིང་གིས་རྒྱུན་དུ་ཆུང་དུས་ཨ་མ་དང་མཉམ་དུ་འཚོ་བ་སྐྱེལ་བའི་དུས་ལ་རྗེས་དྲན་བྱེད་པ་དང་། ཁོང་གིས་ཁོང་ལོ་ལྔ་དྲུ་གི་སྐབས་སུ། ཁོང་གི་ཨ་མ་ཀྲུང་དབྱང་ཏང་གི་སློབ་གྲྭར་ཕྱག་ལས་གནང་གི་ཡོད་པ་དང་། ལམ་བར་དུ་ཤིན་ཧྭ་དཔེ་ཚོང་ཁང་ཞིག་ཡོད། ང་གོམ་པ་རྒྱག་འདོད་མེད་པས། ཨ་མས་སྒལ་པར་འཁྱེར་ནས་དཔེ་ཚོང་ཁང་དུ་ཡེ་ཧྥེ་པར་རིས་དེབ་ཉོ་བར་ཁྲིད་བྱུང་། དེབ་ཉོས་རྗེས། ཨ་མས་ཞི་ཅིན་ཕིང་ལ་རྒྱལ་ཁབ་ལ་བློ་དཀར་དང་ཡེ་ཧྥེའི་ཨ་མས་སྒལ་པར་ཡི་གེ་བརྐོས་པའི་སྒྲུང་ཤོད་ཀྱི་ཡོད་ཅེས་བསྟན་ཡོད།

            ཡུམ་ཆེན་བཀའ་སློབ། 
            རང་གིས་རང་ལ་རེ་བ་ནན་པོ་འདོན་དགོས།
            ཁྱིམ་ཚང་སློབ་གསོར་མཐོང་ཆེན་བྱེད་པའི་ཆི་ཤིན་གྱིས་ཞི་ཅིང་ཕིང་གི་འཚར་ལོངས་བརྒྱུད་རིམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོང་གིས་ཨ་མ་ལགས་ཀྱིས་རྟག་ཏུ་ཁྱིམ་གྱི་སྒྲིག་སྲོལ་ལྟར། ཕྱིར་ཕྱག་ལས་གནང་བ་དང་། འགོ་ཁྲིད་ལས་ལས་གནས་ཐོག་སླེབས་པའི་ཞི་ཅིན་ཕིང་ལ་ཕྱག་ཡིག་བསྐུར་ནས། གཟབ་ནན་བྱེད་དགོས་པ་མ་ཟད། རང་ཉིད་ལ་རེ་བ་ནན་པོ་བྱེད་དགོས་པའི་བཀའ་སློབ་གནང་ཡོད། ཞི་ཅིན་ཕིང་འགོ་ཁྲིད་ལས་གནས་ཐོག་སླེབས་རྗེས། ཆི་ཤིན་གྱིས་ཆེད་མངགས་ཁྱིམ་ཚང་གྲོས་ཚོགས་འཚོགས་ནས། བུ་ཕྲུག་གཞན་ཚོས་ཞི་ཅིན་ཕིང་ཕྱག་ལས་གནང་སའི་ཁྱབ་ཁོངས་སུ་ཚོང་གཉེར་བྱེད་སྒོ་སྤེལ་མི་ཆོག་པའི་རེ་བ་བཏོན་ཡོད།
            སྤྱི་ལོ་༡༩༧༥ལོར་ཞི་ཀྲུང་ཤུན་དང་ཆི་ཤིན་དང་བུ་ཕྲུག་ཚོས་མཉམ་དུ་བློ་ཡང་དར་དམར་པར་ཁང་དུ་འདྲ་པར་བསྐྱོན་པ།
            ཕ་མའི་ཤུགས་རྐྱེན་འོག ཞི་ཅིན་ཕིང་གིས་ཁྱིམ་སྲོལ་རྒྱུད་འཛིན་གནང་ནས། ནང་མིར་རེ་བ་ཧ་ཅང་ནན་པོ་འདོན་གྱི་ཡོད། ཁོང་ནས་འགོ་ཁྲིད་ལས་བྱེད་པ་གནང་རྗེས། ས་ཆ་གང་དུ་སླེབས་ཀྱང་། དགའ་ཉེ་གྲོགས་པོ་ཚོར་ང་ལས་ཀ་བྱེད་སའི་ས་ཆར་ཚོང་ལས་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པ་དང་། ངའི་མིང་ཐོག་ནས་ལས་ཀ་གང་ཡང་སྒྲུབ་མི་རུང་ཞེས་གསུངས་ཀྱི་ཡོད་པ་རེད། ཧྥུ་ཅན་དང་ཀྲེ་ཅང་དུ་ཡིན་ནའང་འདྲ། ཡང་ན་ཧྲང་ཧེའི་རུ་ཕྱག་ལས་གནང་སྐབས་ཡིན་ནའང་འདྲ། ཁོང་གིས་ལས་བྱེད་པའི་ཚོགས་ཆེན་ཐོག་ཡོངས་བསྒྲགས་སུ་མི་སུ་ཞིག་གི་ཀྱང་ངའི་མིང་ཐོག་ནས་སྒེར་གྱི་ཁེ་ཕན་སྒྲུབ་མི་ཆོག་པ་དང་། ཚང་མས་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ་ཡི་ཡིན་ཞེས་བསྟན་ཡོད།

            ཡུམ་ཆེན་གྱི་བསམ་ཤེས།
            ལས་དོན་ཡག་པོ་བསྒྲུབ་པ་ནི་བཀུར་སྟི་ཡག་ཤོས་ཡིན།
            ཞི་ཅིན་ཕིང་གིས་ཡུམ་ཆེན་ལ་བཀུར་སྟི་ཞབས་ཏོག་ཧ་ཅང་ཆེན་པོ་གནང་གི་ཡོད། རྟག་ཏུ་ཁོང་དང་མཉམ་དུ་གསོལ་ཚིགས་མཆོད་པའི་ཁོམ་པ་ཡོད་སྐབས། གསོལ་ཚིགས་མཆོད་སྒྲུབ་པའི་རྗེས། ཁོང་གིས་ཡུམ་ཆེན་གྱི་ཕྱག་ནས་བཟུང་སྟེ་འཆམ་འཆམ་ལ་ཕེབས་ཀྱི་ཡོད། འོན་ཀྱང་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ངོས་ནས། དུས་ཆེན་དང་ངལ་གསོའི་སྐབས་སུ་ཡིན་ནའང་ཁྱིམ་དུ་ལོག་ནས་ཨ་མ་དང་མཉམ་འཛོམས་བྱེད་ཐུབ་ཀྱི་མེད།
            སྤྱི་ལོ་༢༠༠༡ལོའི་དཔྱིད་གསར་དུས་ཆེན་སྐབས། ཆི་ཤིན་གྱིས་སྐབས་དེ་དུས་ཧྥུ་ཅན་ཞིང་ཆེན་གྱི་འགོ་འཛིན་གནང་མཁན་ཞི་ཅིན་ཕིང་དང་ཁ་པར་བསྐྱོན་ཡོད་པ་དང་། ལོ་དེའི་དཔྱིད་གསར་དུས་ཆེན་སྐབས། ཞི་ཅིན་ཕིང་ཁྱིམ་དུ་ལོག་ཐུབ་མེད་པ་རེད།
            ཞི་ཅིན་ཕིང་ཕྱག་ལས་ཀྱི་རྐྱེན་པས་ནང་ལ་ལོག་ཐབས་བྲལ་བ་ཤེས་སྐབས། ཆི་ཤིན་གྱིས་དགའ་ཚོར་ཆེན་པོས། ཁྱེད་རང་ལས་ཀ་མང་པོ་ཡོད་པས་ངའི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། འགག་རྩ་ནི་ཁྱེད་ལོག་ཡོང་མིན་མིན་པར་ཁྱེད་ཀྱི་ལས་ཀ་ཡག་པོ་བྱས་ཚེ་དེ་ནི་ཕ་མར་བཅངས་བའི་བརྩེ་བ་ཟབ་ཤོས་དེ་ཡིན་ལ། དེ་ནི་ཁྱིམ་ཚང་དང་རང་སོ་སོར་འགན་འཁུར་བ་ཞིག་ཡིན་ཞེས་གསུངས་ཡོད།
            གསར་བརྗེའི་སྲོལ་རྒྱུན་བཟང་པོ་ལྡན་པའི་ཁྱིམ་ཚང་ཡག་པོ་ཞིག་གི་ངོས་ནས་བརྗོད་ན། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་དམངས་ནི་ཨང་དང་པོ་ཡིན་པ་རེད། དོན་དངོས་ཐོག་ལོ་དེ་ཁོ་ན་མིན་པར་སྤྱི་ལོ་༡༩༨༥ལོ་ནས་སྤྱི་ལོ་༢༠༠༢ལོའི་བར་ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་ཕྱག་ལས་ལོ་༡༧གནང་ཡོད་ཅིང་། ཤ་མན་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ནས་ཧྥུ་ཅན་ཞིང་ཆེན་གྱི་འགོ་འཛིན་བར་གྱི་ལོ་༡༧རིང་གི་དཔྱིད་གསར་དུས་ཆེན་སྐབས་། ཞི་ཅིན་ཕིང་ནང་མི་དང་མཉམ་འཛོམས་བྱ་རྒྱུ་ཧ་ཅང་ཉུང་ཉུང་ཡིན་པ་རེད།
            ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་ཚང་གི་སྲོལ་བཟང་བཅས་ལ་དང་དོད་བྱ་རྒྱུ་ནི་ཞི་ཅིན་ཕིང་དང་ཁོང་གི་ཁྱིམ་ཚང་གིས་མ་མཐའི་ཚད་གཞི་ཡིན་ལ། ཞི་ཅིང་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་དགོངས་པ་དང་དོན་དངོས་ནང་དུ་ཡང་དོན་འཁྱོལ་གནང་ཡོད།
            ད་ལོའི་དཔྱིད་གསར་དུས་ཆེན་གོང་དུ་ཞི་ཅིན་ཕིང་སི་ཁྲོན་ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་ཀྲའོ་ཅོད་རྗོང་སན་ཁྲ་ཁའུ་ཤང་སན་ཧོ་གྲོང་ཚོའི་དབུལ་ཕོངས་ཁྱིམ་དུ་ཕེབས་པ།
            ལོ་མང་རིང་ཞི་ཅིན་ཕིང་གི་ཡུམ་ཆེན་གྱི་མངགས་བཅོལ་སེམས་ནང་བརྟན་པོ་འཇོག་གནང་ཡོད་ལ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་ཡང་བརྟན་སྲིང་གནང་ཡོད། ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་ཚུན་གྱི་དཔྱིད་གསར་དུས་ཆེན་ཐེངས་དྲུག་ལ་ཕྱི་མིག་བལྟ་སྐབས་ཁོང་གི་ཞབས་རྗེས་གསར་བརྗེའི་རྟེན་གཞི་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་བཞག་གནང་ཡོད་པ་རེད།

            ཞི་ཅིན་ཕིང་གི་སྤུན་ཉེ་དང་ཁྱིམ་སྲོལ་གླེང་བ།
            མིག་སྔའི་སྤྱི་ཚོགས་མགྱོགས་མྱུར་འགྱུར་ལྡོག་འགྲོ་བ་དང་། མི་རྣམས་ཀྱིས་ཉིན་མཚན་ལྟོས་མེད་ངང་ལས་དོན་སྒྲུབ་པ་དང་། འཚོ་བའི་ཆེད་ཕྱོགས་བཞི་མཚམས་བརྒྱད་ལ་སྐྱོད་ཀྱི་ཡོད། འོན་ཀྱང་། མི་ཡུལ་གྱི་བརྩེ་བ་བརྗེད་མི་རུང་། བར་ཐག་རིང་པོས་བརྩེ་བ་གཅོད་མི་རུང་ལ་རྒྱུན་ལྡན་གྱི་འབྲེལ་བའི་ཁྲོད་བརྩེ་བ་བྱེད་མི་རུང་ཞེས་གསུངས་གནང་ཡོད།
            འགོ་ཁྲིད་ལས་བྱེད་པས་འབད་བརྩོན་ཆེན་པོས་སྤྱི་ཚོགས་ཡོངས་ཀྱི་ཀུན་སྤྱོད་མིག་དཔེར་འགྱུར་བ་བྱེད་པ་དང་། སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། ཏང་གཤིས་བརྗོད་པ་དང་། ཀུན་སྤྱོད་ལ་མཐོང་ཆེན། མིག་དཔེ་བཅས་བྱེད་པ། སྣེ་ཁྲིད་ནས་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་མཐོང་ཆེན་བྱེད་པ། གུང་ཁྲན་ཏང་ཡོན་གྱི་བླ་ན་མེད་པའི་སྤྱོད་བཟང་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་ཡོངས་ཀྱི་ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ་དང་ཁྲིམས་ལུགས་ལ་བརྩི་སུང་ཞུ་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་སྤྱི་ལོ་༢༠༡༦ལོའི་ཟླ་བ་༡༢པའི་ཚེས་༩ཉིན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་༣༧པའི་ཐོག་གསུངས་གནང་ཡོད།
            ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཀུན་སྤྱོད་དར་སྤེལ་དང་། ཁྱིམ་ཚང་གི་ཀུན་སྤྱོད་བཟང་པོ་འཛུགས་སྐྱོང་བྱེད་པའི་ནང་བུད་མེད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་དགོས། དེ་ནི་ཁྱིམ་ཚང་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། དེ་བཞིན་མི་རབས་རྗེས་མ་བདེ་ཐང་འཚར་ལོང་ཡོང་བ་བཅས་དང་འབྲེལ་བ་ཡོད། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྱིམ་ཚང་ཀུན་སྤྱོད་བཟང་བ་དང་། བུ་ཕྲུག་གི་སློབ་གསོ་ཡག་པོ་བྱུང་ན། སྤྱི་ཚོགས་ཀྱི་གོམས་སྲོལ་བཟང་པོ་ཡོང་བར་རྨང་གཞི་ཞིག་ཡོད་ཅེས་༢༠༡༣ལོའི་སྤྱི་ཟླ་༡༠ཚེས་༣༡ཉིན་ཞི་ཅིན་ཕིང་གི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གྲོས་མོལ་གནང་སྐབས་ནན་བཤད་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1