༄༅།། སྐད་འཕྲིན་ནས་གློག་རིན་སྤྲད་ན་འགྲིག་གི་འདུག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-16



        ཉེ་དུས། སྐད་འཕྲིན་ནས་གློག་རིན་བསྡུ་འགོ་ཚུགས་པ་བརྒྱུད་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཚོང་དུད་ཀྱིས་གློག་རིན་བསྡུ་བའི་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་པ་དང་། བོད་ལྗོངས་ས་ཁུལ་གྱི་རྒྱ་ཆེའི་གློག་ཤུགས་ཚོང་དུད་ཀྱིས་སྐད་འཕྲིན་ནས་གློག་རིན་སྤྲོད་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

        མིག་སྔར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་འཛུགས་སྐྲུན་དངུལ་ཁང་དང་། སྦྲག་སྲིད་དངུལ་ཁང་། གློག་འདོན་ཀུང་སིའི་གློག་རིན་སྤྲོད་སའི་དུད་སྣེ་སོགས་ཀྱི་རྨང་གཞིའི་ཐོག་སྐད་འཕྲིན་ལས་སྟེགས་ཚུད་པའི“གློག་eའབོ”དང“ཕྱག་ན་གློག་ཤུགས”“གཏོང་སྤྲོད་འབོ”“འཛུགས་སྐྲུན་དངུལ་ཁང་ལག་ཐོགས་ཁ་པར་APP”སྤྱད་ནས་གློག་རིན་སྤྲད་ཆོག་པར་བརྟེན་མང་ཚོགས་ལ་གློག་རིན་འཇལ་རྒྱུར་སྟབས་བདེ་བསྐྲུན་ཡོད།
        གོམ་སྟབས་རྗེས་མར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས“དྲ་ཐོག་རྒྱལ་ཁབ་གློག་དྲ”ཕྱོགས་ཡོངས་ནས་བསྐྲུན་རྒྱུར་དམིགས་ཏེ་ཞབས་ཞུ་སྤུས་ལེགས་ཀྱི་སྤུས་ཚད་སྔར་བས་ལེགས་སུ་བཏང་བ་དང་དྲ་ཐོག་ནས་གློག་རིན་འཇལ་བའི་ཐབས་ལམ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། རྒྱ་ཆེའི་གློག་ཤུགས་ཚོང་དུད་ལ་དེ་བས་སྟབས་བདེ་དང་ནུས་ཆེའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1