༄༅།། རྒན་གསོ་དང་ལས་ཤོར་འགན་བཅོལ་སོགས་ཀྱི་དོགས་འགྲེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-16


        རྒན་གསོ་འགན་བཅོལ་གྱི་དངུལ་ལོ་15བསྐྱལ་རྗེས་མུ་མཐུད་སྐྱེལ་དགོས་སམ། 
        ལན། ཁུངས་བཙན་ཤོད་སྟངས་ནི་རྒན་གསོ་འགན་བཅོལ་ནི་འགན་བཅོལ་ལྔའི་རིགས་གཅིག་ཡིན་ཞིང་། རྒྱལ་ཁབ་ཀྱིས་ཁེ་ལས་དང་ལས་བཟོས་སྡུར་ཚད་མི་འདྲ་བ་གཞིར་བཟུང་མཉམ་དུ་དངུལ་སྐྱེལ་དགོས་པའི་གཏན་འབེབས་བྱས་པ་ཞིག་རེད། དེའི་ནང་རྒན་གསོ་འགན་བཅོལ་གྱི་དངུལ་བསྐྱལ་ནས་རིམ་རྩིས་བརྒྱབ་ན་ལོ་15སོང་ཚེ་དེ་ནི་ལས་བཟོ་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་གྱི་ལོ་ཚད་ལ་སླེབས་སྐབས་རྒན་ཡོལ་གྱི་རེ་འདུན་ཞུ་བའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་པ་ལས་འགན་བཅོལ་དངུལ་ལོ་15བསྐྱལ་རྗེས་མུ་མཐུད་སྐྱེལ་མི་དགོས་པ་མཚོན་གྱི་མེད། 
        《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་པའི་གཏན་འབེབས་ལ་གཞིགས་ན། “ལས་བཟོས་གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་དགོས་པ་དང་མི་སྤྱོད་ཚན་པ་དང་ལས་བཟོས་མཉམ་དུ་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དངུལ་སྐྱེལ་དགོས” སྤྱི་ཚོགས་འགན་བཅོལ་གྱི་དངུལ་སྐྱེལ་བ་ནི་ཁྲིམས་གཏན་འཁེལ་བའི་འོས་འགན་ཞིག་ཡིན་པས། རྒན་ཡོལ་མ་ཞུས་གོང་ལོ་15བསྐྱལ་ཟིན་ནའང་རྒན་ཡོལ་མ་ཞུས་པའི་བར་མུ་མཐུད་སྐྱེལ་དགོས། 
        ལས་ཀ་ཤོར་ཚེ་ལས་ཤོར་དངུལ་ཐད་ཀར་ལེན་ཆོག་གམ། 
        ལན། ཁུངས་བཙན་ཤོད་སྟངས་ནི་ལས་ཀ་ཤོར་བའི་འགན་བཅོལ་དངུལ་ལས་ཀ་ཤོར་མ་ཐག་བླང་མི་ཆོག 
        ལས་ཤོར་འགན་བཅོལ་གྱི་དངུལ་ལེན་པར་ཆ་རྐྱེན་འདི་ཚང་དགོས་ཏེ། 
1.ལས་ཀ་མ་ཤོར་གོང་མི་སྤྱོད་ཚན་པ་དང་མི་སྒེར་གྱིས་ལས་ཤོར་འགན་བཅོལ་དངུལ་བསྐྱལ་ནས་ལོ་གཅིག་སོང་བའམ་ཡང་ན་ལོ་གཅིག་སོང་མེད་ནའང་མི་སྒེར་ལ་ལས་ཤོར་འགན་བཅོལ་དངུལ་ལེན་པའི་དུས་ཚད་སྔར་བཞིན་ཡོད་པའི་རིགས། 
2.འདོད་པ་མེད་བཞིན་དུ་ལས་ཀ་ནས་ཕུད་པའི་རིགས། 
3.ལས་ཤོར་ཐོ་འགོད་བྱས་པ་མ་ཟད་ལས་ཀ་འཚོལ་འདོད་ཡོད་པའི་རིགས། 
        དེ་དག་ནང་གལ་འགངས་ཆེ་ཤོས་ཤིག་ནི་འདོད་པ་མེད་བཞིན་དུ་ལས་ཀ་ནས་ཕུད་པའི་ཆ་རྐྱེན་ཚང་དགོས། དོན་དངོས་ཀྱི་འཚོ་བར་རང་མོས་ངང་ལས་གནས་ནས་དགོངས་ཞུ་བྱེད་མཁན་མང་པོ་ཡོད། དེ་དག་མི་སྒེར་གྱི་འདོད་བློ་མིན་པར་ལས་ཀ་ཤོར་བའི་རིགས་ཀྱི་ཁོངས་སུ་གཏོགས་ཀྱི་མེད། 
        སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱས་པའི་སྨན་རིན་གྲངས་ཚད་ལས་བརྒལ་བའི་ཆ་ཤས་དེ་རང་ཉིད་ཀྱིས་སྤྲོད་དགོས་སམ། 
        ལན། ཁུངས་བཙན་ཤོད་སྟངས་ནི་སྨན་བཅོས་འགན་བཅོལ་སྲིད་ཇུས་ནང་འགན་བཅོལ་ལ་ཞུགས་པའི་མིའི་ཞག་སྡོད་སྨན་བཅོས་ཐེངས་གཅིག་གི་སྨན་རིན་གྲངས་ཚད་ལས་བརྒལ་ཚེ་རང་ཉིད་ཀྱིས་གཏོང་དགོས་པའམ་སྨན་ཁང་ནས་དོན་དགོས་པའི་སྐོར་གྱི་གཏན་འབེབས་མེད། ཡིན་ནའང་འགན་བཅོལ་ལ་ཞུགས་པའི་མིར་སྨན་ཁང་ནས་དོན་པའི་ཚད་གཞིའམ་ཡང་ན་སྨན་ཁང་སྒྱུར་བའི་ཚད་གཞིར་སླེབས་ཀྱང་སྨན་ཁང་ནས་དོན་འདོད་མི་བྱེད་པའམ་སྨན་ཁང་མི་སྒྱུར་བའི་རིགས་ལ་སྨན་བཅོས་ཁང་དང་ཁོའོ་ཡིས་སྨན་ཁང་གི་འགན་བཅོལ་གཞུང་ལས་ཁང་ལ་ཡིག་ཐོག་ཐོ་འགོད་སྙན་སེང་ཞུས་རྗེས་སྨན་ཁང་གིས་འགན་བཅོལ་ལ་ཞུགས་པའི་འབྲེལ་ཡོད་མི་སྣར་རང་དངུལ་བཏང་བ་གཞིར་བཟུང་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས་ལ་འདི་བྱས་སྙན་ཞུ་ཉར་ཚགས་བྱེད་དགོས། འགན་བཅོལ་ལ་ཞུགས་པའི་མི་སྣ་ཞག་སྡོད་སྨན་བཅོས་བྱེད་སྐབས་གནད་དོན་འཕྲད་པའམ་ཡང་ན་གྲོས་འགོ་ཡོད་ཚེ་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་གོང་ཞུ་བྱ་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1