ཁྲིམས་ལུགས་རྨོངས་བ་སེལ་བའི་འཕྲུལ་རྟའི་སྒྲོག་འགྲེལ་ཚོགས་པ།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-17


     ནོར་བ་ཡུལ་ཚོ་ནི་ཟུང་ཆུ་རྫོང་གི་ནུབ་བྱང་གི་མཚམས་སུ་ཆགས་ཡོད་ལ། ས་རྒྱ་ཆེ་ཞིང་རྫོང་ཡོངས་ཀྱི་འབྲོག་ལས་རྐྱང་བ་གཉེར་བའི་ཡུལ་ཚོ་གཅིག་པུ་དེ་ཡིན། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སོགས་སྒྲོག་འགྲེལ་བྱེད་པ་ནི་ནོར་བ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་ལ་མཚོན་ན་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།

     རྒྱུ་མཚན་ནི་འགྲིམ་འགྲུལ་སྟབས་མི་བདེ་བའི་ཁར་ཕྱུགས་འཚོ་སྐྱོང་གི་དགོས་མཁོ་ལྟར་ནམ་རྒྱུན་གནས་སྤར་འགྲོ་བ་དང་ཁྱིམ་ཚང་སོ་སོའི་བར་ཐག་རིང་བའི་སྟབས་ཀྱིས་ཡུལ་ཚོ་དང་སྡེ་བའི་ཚོགས་འདུ་འཚོགས་པ་དང་སྒྲོག་འགྲེལ་སོགས་བྱེད་པར་དཀའ་ཁག་ཆེན་ཡོད་པར་དམིགས་ནས། 2017ལོའི་ཟླ་4བར་ཟུང་ཆུ་རྫོང་གི་འཕྲུལ་རྟའི་སྒྲོག་འགྲེལ་ཚོགས་པ་ཐོག་མ་དེ་ནོར་བ་ཡུལ་ཚོར་བཙུགས་པ་ཡིན་ལ། འཕྲུལ་རྟའི་སྒྲོག་འགྲེལ་ཚོགས་པ་འདིའི་སྔ་གཞུག་ཏུ་ཐེངས་མང་པོར་མཚོ་ངོས་ལས་མཐོ་ཚད་སྨི་3300ཡན་གྱི་གངས་རི་དང་རྩྭ་ཐང་བརྒལ་ནས་ཡུལ་ཚོ་དང་སྡེ་བ་མང་པོར་སོང་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སོགས་ཏང་གི་བྱེད་ཕྱོགས་གལ་ཆེན་དང་སྲིད་ཇུས་གལ་ཆེན་སོགས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་དྲིལ་བསྒྲགས་བྱས་པས། ས་དེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པ་རེད། སྒྲོག་འགྲེལ་ཚོགས་པས་ནམ་རྒྱུན་མང་ཚོགས་ཀྱི་གོ་བ་ལེན་སླ་བའི་མང་ཚོགས་རང་གི་ཁ་སྐད་ཀྱི་ལམ་ནས་སྒྲོག་འགྲེལ་བྱས་པས། མང་ཚོགས་རྣམས་ཀྱིས་སྲིད་ཇུས་གལ་ཆེན་དང་ཁྲིམས་ལུགས་ཀྱི་རྒྱུན་ཤེས་མང་པོར་རྒྱུས་མངའ་ཡོད་པར་བྱས་ཡོད།

      ད་ལོའི་ཟླ་5བར་ཡང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་ཁྲིམས་འཛིན་ཅུས། རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་དང་ཞིང་ཕྱུགས་ལས་ཅུས་སོགས་ལས་ཁུངས་ཀྱི་ལས་བྱེད་མི་སྣས་གྲུབ་པའི་འཕྲུལ་རྟའི་སྒྲོག་འགྲེལ་ཚོགས་པ་ནོར་བ་ཡུལ་ཚོའི་སྡེ་བ་སོ་སོར་སོང་ནས། བཅའ་ཁྲིམས་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་སྤེལ་ནས། འཕྲོད་བསྟེན་སྨན་བཅོས་དང་མི་ཕྱུགས་ལ་འགན་ལེན་ཉོ་བ། ནོར་ལུག་ལ་ནད་རིགས་སྔོན་འགོག་གི་སྨན་ཁབ་རྒྱག་སྟངས་སྐོར་ཀྱི་ཤེས་བྱ།  དངུལ་ཁང་ནས་དངུལ་སྐྱི་སྟངས་སོགས་ཀྱི་སྐོར་ནས་ཤེས་བྱ་མང་པོ་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཀྱི་བསམ་པའི་བྱང་ཚད་ཆེ་མཐོ་དང་རྒྱུན་ཤེས་ཤེས་བྱ་གསོག་འཇོག་སོགས་ཀྱི་ཐད་ལ་མེད་དུ་མི་རུང་རམ་འདེགས་ཀྱི་ནུས་པ་ཐོན་ཡོད་པ་རེད། 

 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1