དཀར་མཛེས་ཁུལ་གྱི་རིག་གནས་ཐོན་ལས་མང་པོར་བྱ་དགའ་ཐོབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-18


        སྤྱི་ཟླ5པའི་ཚེས14ཉིན། སྐབས་བཅུ་བཞི་པའི་ཀྲུང་གོའི་ཧྲེན་ཀྲན་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་ཉོ་ཚོང་འདུ་ཚོགས་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།  དཀར་མཛེས་ཁུལ་གྱི་སྒྲོལ་ལྗང ་ལི་སྐུ་མ་ལ“ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད”ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ནས་ཐེངས་འདིའི་རིག་གནས་དངོས་མང་སྟོན་ཚོགས་སྟེང་མི་རྣམས་ཀྱིས་ཆེས་དོ་ཁུར་བྱ་ཡུལ་དུ་གྱུར་པ་རེད།

        ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་རིག་གནས་དངོས་མང་སྟོན་ཚོགས་སྟེང་གི་དཀར་མཛེས་ཁུལ་གྱི་འགྲན་བསྡུར་ནང་ཞུགས་པའི་བཤམ་སྟོན་ཐོན་རྫས་དག་ལས་བཟོ་རྩལ་གྱི་ཐོན་རྫས10ལ་བྱ་དགའ་ཐོབ་ཡོད་པ་དང་། དཔལ་ཡུལ་རྫོང་རྫོང་སར་རིག་གནས་སྤྱི་གཉེར་ཁང་གི་འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆོས་ལ་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། དཔལ་ཡུལ་རྫོང་ཧོར་པོ་བོད་ཀྱི་ལག་རྩལ་སྤྱི་གཉེར་ཁང་། ཉག་རོང་རྫོང་སྨན་འདུམ་ཞལ་འབག་སོགས་ལ་བཟོ་རྩལ་མཛེས་རྩལ་གྱི་རིག་གནས་གསར་གཏོད་ཀྱི་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ། སྡེ་དགེ་རྫོང་རྡོ་ཕུ་ལུང་པའི་ཀརྨ་སྒར་བྲིས་རིག་གནས་ཡུལ་སྐོར་སྤྱི་གཉེར་ཁང་དང་དཀར་མཛེས་ཁུལ་ནམ་མཁའ་རྒྱན་ཐང་ག་སྤྱི་གཉེར་ཁང་། རོང་བྲག་གི་པར་ཤིང་། སྡེབ་བྲིས་སོགས་ལ་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་ཡོད་པ་རེད། ཁུལ་རིག་གནས་རྒྱང་སྒྲོག་གསར་འགྱུར་ཅུས་དང་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གཉིས་ལ་ཕུལ་བྱུང་རྩ་འཛུགས་པའི་བྱ་དགའ་ཐོབ། དེ་མིན་འགྲེམ་སྟོན་ལ་ཞུགས་པའི་ཚོང་ཁང་ལ་ཐེངས་འདིའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་བྱ་དགའི་དཔྱད་བསྡུར་ནང་ཞུགས་ཐུབ་པའི་ཕུལ་བྱུང་བྱ་དགའ་ཐོབ།
        ཐེངས་འདིའི་རིག་གནས་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་བྱ་དགའ་ཐོབ་ཚད་ནི་རྒྱལ་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་རིམ་པའི་འགྲན་བསྡུར་ནང་ཞུགས་མཁན་ལས་ཁུངས་དག་གི་ཁྲོད་ནས་སྔོན་གྲས་སུ་བསླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་བྱ་དགའ་ཐོབ་ཚད་ཆེས་མང་པའི་གྲོང་ཁྱེར་དང་ཁུལ་དུ་གྱུར་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1