ཆོས་འབྱོར་གྱི་བཙན་པོའི་དུས་སྐབས་ཀྱི་དམག་ཆས་འགྲེམས་སྟོན་ཁང་།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 05-21


     ཆོས་འབྱོར་གྱི་བཙན་པོའི་དུས་སྐབས་ཀྱི་དམག་ཆས་འགྲེམས་སྟོན་ཁང་ནི་ཐང་བོད་གནའ་ལམ་ཐོག་གི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སློང་མདའ་གྲོང་ཚོ་རུ་ཡོད་པ་རེད། འགྲེམས་སྟོན་ཁང་འདི་ནི་2012ལོར་སྐྲུན་པ་དང་། 2015ལོའི་ཟླ་7པར་དངོས་སུ་མང་ཚོགས་ལ་སྒོ་འབྱེད་པ་རེད། དེ་ནི་བོད་ལྗོངས་ཀྱི་ཆེས་ཐོག་མའི་དམངས་ཁྲོད་ཀྱི་དམག་ཆས་འགྲེམས་སྟོན་ཁང་ཡིན་པ་རེད། འགྲེམས་སྟོན་ཁང་འདིའི་ནང་དུ། གསར་འགོད་པ་ཡིད་དབང་འཕྲོག་ཤོས་ནི་བཙན་པོའི་དུས་སྐབས་ཀྱི་དམག་ཆས་འགྲེམས་སྟོན་ཁུལ་དེ་རེད།

     ཐོག་མར་གནའ་རྫས་འདི་དག་མཐོང་བའི་དུས་ནི་གཙུག་ལག་ཁང་དང་མངའ་རིས་གུ་གེ་སོགས་ཀྱི་ལྡེབས་རིས་ཐོག་གི་གཡུལ་འགྱེད་རྣམ་པ་ལས་ང་ལ་གནའ་རྫས་ཉར་ཚགས་བྱེད་པའི་འདུན་པ་རྙེད་བྱུང་། ལོ་17ནས་ད་ལྟའི་བར་གྱི་ལོ་30ལྷག་གི་རིང་། ང་ནི་བོད་ཁུལ་གྱི་ས་ཆ་ཕལ་ཆེར་བར་འགྲོ་མྱོང་ཞིང་། ས་ཆ་སོ་སོ་ནས་སྟ་རེ་དང་ཟོར་བ། མདུང་། གྲི ཁྲབ་རྨོག ཕུབ། གཞུ། རྔ། རྟ་སྒ་སོགས་ཉར་ཚགས་བྱས་ཡོད་པ་དང་། དེ་ཚོ་ནི་བོད་རིགས་དང་རྒྱ་རིགས སོག་རིགས་སོགས་ཀྱི་ཡིནཔ་དེ་དག་དུས་རབས་ཀྱི་བར་བརྒལ་ཆེ་ཞིང་། བོད་ཀྱི་ལོ་རྒྱུས་དུས་མཚམས་གཙོ་བོའི་དུས་རབས་ཕལ་ཆེར་འདུས་ཡོད་པ་རེད་ཅེས་འགྲེམས་སྟོན་ཁང་གི་འགན་ཁུར་བ་དང་བོད་ལྗོངས་མི་རིགས་སྲོལ་རྒྱུན་གནའ་རྫས་ཉར་ཚགས་མཁན་ཆོས་འབྱོར་གྱིས་བརྗོད། 

     མིག་སྔར། འཛམ་གླིང་ཡོངས་ལ་བཙན་པོའི་དུས་ཀྱི་རྟ་དམག་གི་མཚོན་ཆ་སྒྲིག་གཉིས་ལས་མེད་པ་དང་། གཅིག་ནི་ཨ་རིའི་ཏ་ཏུའུ(Metropolitan Museum of Art)འགྲེམས་སྟོན་ཁང་དུ་ཡོད་པ་དང་། གཅིག་ཤོས་དེ་ཆོས་འབྱོར་གྱི་བཙན་པོའི་དུས་ཀྱི་དམགས་ཆས་འགྲེམས་སྟོན་ཁང་དུ་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1