བོད་སོག་གསོ་རིག་དང་ཞང་ཞུང་ཤེས་རིག་གི་དཔྱད་གླེང་ཚོགས་འདུ་འཚོགས་པ།

འཇིགས་མེད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-21



        ཟླ་5པའི་ཚེས་19ཉིན།བོད་སོག་གསོ་རིག་ལོ་རྒྱུས་དང་གནས་བབ་ཀྱི་རྟོག་ཞིབ་བགྲོ་གླེང་ཚོགས་འདུ་དང་རྒྱུད་གཅིག་ལམ་གཅིག་གི་ཞང་ཞུང་ཤེས་རིག་དཔྱད་གླེང་ཚོགས་འདུ་ཁྲིན་ཏུའུ་ནས་འཚོགས་པ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྨན་རིག་སློབ་གླིང་གི་གླིང་གཙོ། སློབ་དཔོན་ཆེན་མོ་ཀུའུ་ཅན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་ཡེ་ཤེས་དོན་གྲུབ། སི་ཁྲོན་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་འགན་འཛིན་པ་དཀོན་མཆོག་རྡོ་རྗེ་སོགས་མཁས་པ་དང་འབུམ་རམས་པ་མང་པོར་ཚོགས་འདུར་ཞུགས། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ལ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆོས་ནོར་གྱིས་གཙོ་སྐྱོང་བྱས། 

དཔྱད་གླེང་ཚོགས་འདུའི་ཡུལ་དངོས།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྨན་རིག་སློབ་གླིང་གི་གླིང་གཙོ། སློབ་དཔོན་ཆེན་མོ་ཀུའུ་ཅན་གྱིས་གཏམ་བཤད་གནང་བཞིན་པ།

སི་ཁྲོན་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་འགན་འཛིན་པ་དཀོན་མཆོག་རྡོ་རྗེས་གཏམ་བཤད་གནང་བཞིན་པ།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཡེ་ཤེས་དོན་འགྲུབ་ཀྱིས་གཏམ་བཤད་གནང་བཞིན་པ། 
        ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་བོད་སོག་སྨན་རིག་ལོ་རྒྱུས་དང་གནས་བབ་ཞིབ་འཇུག་གི་རྨང་གཞིའི་སྟེང་འཚོགས་པ་ཡིན་ལ། ལས་གཞི་དེ་ནི་2015ལོར་འགོ་བརྩམས་ཤིང་ལས་གཞི་འདིའི་འགན་འཁུར་བ་གཙོ་བོ་འབུམ་རམས་པའི་མཛུས་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་གསུང་རྒྱུར།  གཙོ་བོ་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་ཕྱི་འབྲེལ་སྲིད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཡར་རྒྱས་གཏོང་བ་དང་མི་རིགས་རིག་གནས་བདག་སྐྱོང་བྱེད་པའི་སྐོར་གྱི་གསུངས་བཤད་གལ་ཆེན་གཞིར་བཟུང་ནས་བསྒྲུབ་འགོ་ཚུགས་པའི་ལས་གཞི་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ད་ལྟའི་ལས་གཞིའི་རྨང་གཞི་སྟེང་དུ་མ་འོངས་བར་རྒྱུད་གཅིག་ལམ་གཅིག་དང་བོད་ཀྱི་གསོ་བ་རིག་པའི་འབྲེལ་བ་དང་། རྒྱུད་གཅིག་ལམ་གཅིག་དང་བོད་ཀྱི་རིག་གནས་དང་ཚོང་ལས་ཀྱི་འབྲེལ་བའི་སྐོར་གྱི་ལོ་རྒྱུས་དཔྱད་གཞི་དམིགས་སུ་བཟུང་ནས། ད་ལྟའི་ལས་གཞི་འདི་ལེགས་སྒྲུབ་ཡོང་པའི་རྨང་གཞི་ཐོག་རྒྱུད་གཅིག་ལམ་གཅིག་དང་བོད་ཀྱི་གསོ་བ་རིག་པ་དང་ཞང་ཞུང་རིག་གནས་ལ་ཞིབ་འཇུག་བྱེད་པའི་འཆར་གཞི་དང་རེ་བ་ཡོད།། 
        ཚོགས་འདུའི་ཐོག  འབུམ་རམས་པ་གཡང་མོ་འཚོ་དང་། རྣམ་རྒྱལ་ཚེ་བརྟན། བཀའ་འབུམ་རྒྱལ། བཀྲ་གོ། འཇམ་དབྱངས་ཆོས་སྒྲོན། བསོད་ནམས་སྟོབས་རྒྱལ། ཕུན་ཚོགས་བཀྲ་ཤིས། བསོད་ནམས་དོན་འགྲུབ། བཀྲ་ཤིས། སྒྲོལ་མ་ཚེ་རིང་སོགས་ཀྱིས་བོད་སོག་གསོ་རིག་ལོ་རྒྱུས་གནས་བབ་དང་རྒྱུད་གཅིག་ལམ་གཅིག། ཞང་ཞུང་ཤེས་རིག་སོགས་ཀྱི་ཐད་ནས་བགྲོ་གླེང་ལྷུག་པོར་གནང་ཡོད། 
    ཚོགས་འདུའི་ཐོག  ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་འབྲུག་ལྷ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར། ཀྲུང་གོའི་བོད་ལྗོངས་དྲ་བའི་འགན་འཛིན་པ་བུ་ཆུང་ཐར། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚེ་རིང་འགྱུར་མེད་དང་། བདུད་འདུལ། ཚུལ་ཁྲིམས་རིན་ཆེན། དེ་མིན་ཞིབ་འཇུག་སློབ་མ་ཁག་གཅིག་ཚོགས་ཞུགས་བྱས་ཡོད།
       
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་གཏམ་བཤད་གནང་བཞིན་པ།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆོས་ནོར་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པ། 

ཚོགས་འདུའི་ཡུལ་དངོས། 

ཚོགས་འདུའི་ཡུལ་དངོས། 

མཉམ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1