བོད་ལྗོངས་ལྷུན་རྩེ་རྫོང་གི་མི་རིགས་ལག་ཤེས་བཟོ་རྩལ་གྱི་འགྲེམ་སྟོན་ལྷ་སར་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-25


         བོད་ལྗོངས་ལྷུན་རྩེ་རྫོང་གི་མི་རིགས་ལག་ཤེས་བཟོ་རྩལ་གྱི་འགྲེམ་སྟོན་དེ་ལྷ་སའི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་བ་དང་། ཁྱོན་རིགས་17ལྷག་ཙམ་གྱི་དངོས་པོ་150འགྲེམ་སྟོན་བྱས་ཡོད་ལ། བཤམ་རྫས་དེ་དག་ནི་བོད་ཀྱི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཡིན་པ་རེད། 

         ལྷུན་རྩེ་རྫོང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་མཐའ་འཚམས་སུ་གནས་ཡོད་པ་དང་། ས་ཆ་དེར་བོད་རིགས་དང་། རྒྱ་རིགས། ཀློ་པ་རིགས་སོགས་མི་རིགས་བཅུ་ཙམ་ཡོད་པ་དང་། ཐང་རིང་གི་ས་ཁོངས་དང་མི་རིགས་མང་བར་ཁྱད་ཆོས་ཀྱིས་ས་གནས་དེ་གའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ལ་དམིགས་བསལ་གྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1