རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-22


     ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་ལྔ་པ་ཟླ་5ཚེས་19ཉིན་པེ་ཅིང་དུ་འཚོགས་པ་རེད།
     ཀྲུང་དབྱང་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་རྒྱ་ཆེའི་བོད་རིག་པ་ཞིབ་འཇུག་ལས་དོན་པར་ཀྲུང་དབྱང་གི་བོད་དང་འབྲེལ་བའི་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་རིག་པ་ཞིབ་འཇུག་བྱེད་པའི་ཆབ་སྲིད་ཀྱི་ཡང་དག་ཁ་ཕྱོགས་སྟངས་འཛིན་ཏན་ཏིག་དང་། བོད་རིག་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། བརྩམས་ཆོས་ཡག་པོ་དེ་བས་མང་བ་འདོན་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་རིག་པ་ཞིབ་འཇུག་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
     ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་འགོ་བརྗོད་དུ་《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་བྱ་གཞག་གི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས་》ཞེས་འཁོད་པའི་ལས་དོན་སྙན་ཞུ་གནང་བ་རེད།
     ཚོགས་འདུའི་རིང་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་། 《ཀྲུང་ཧྭའི་བཀའ་བསྟན་འགྱུར་》(བོད་ཡིག)གློག་རྡུལ་པར་གཞི་དང་《དུང་དཀར་བློ་བཟང་འཕྲིན་ལས། སྤྲུལ་སྐུ་ཞིག་ནས་དགེ་རྒན་ཆེ་མོ་བ་ཞིག་ཏུ་གྱུར་བའི་བར་》ཞེས་པའི་པར་རིས་དེབ་ཐེངས་དང་པོ་འདོན་པའི་མཛད་སྒོ ཀྲུང་གོའི་བོད་རིག་པ་དྲ་བའི་པར་གཞི་གསར་པ་སྤྱོད་འགོ་ཚུགས་པའི་མཛད་སྒོ་བཅས་སྤེལ་བ་རེད། ན་སོ་གཞོན་པའི་བོད་རིག་པ་ཞིབ་འཇུག་གི་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། གསོ་སྐྱོང་། གོང་བུ་སྒྲིལ་བ་བཅས་བྱ་ཆེད་སྐབས་འདིའི་ཇོ་མོ་གླང་མའི་བྱ་དགའི་ནང་གཞོན་ནུའི་གྲུབ་འབྲས་བྱ་དགའ་ཐེངས་དང་པོ་བཟོས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1