རྔ་བ་རྫོང་གིས་དམངས་ཕན་ཞབས་འདེགས་ཕྱོགས་བསྡུས་ལྟེ་གནས་བཙུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-22


    ཉེ་བའི་ལོ་འགའི་རིང་ནས། རྔ་བ་རྫོང་གིས་ཞབས་ཞུ་རྣམ་པའི་སྲིད་གཞུང་དམིགས་འབེན་འཛུགས་སྐྲུན་བྱས་ནས་གོམ་གང་མདུན་སྤོས་ཀྱིས་སྲིད་གཞུང་གི་འགན་ནུས་བསྒྱུར་བཅོས་དང་ཡུལ་གྲོང་རིམ་པའི་སྲིད་དོན་ཞབས་ཞུའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། ཉེ་སྔོན། གསར་འགོད་པ་རྔ་བ་རྫོང་རྨེའུ་རུ་མའི་དམངས་ཀྱི་ཞབས་ཞུ་ལྟེ་གནས་སུ་སོང་ཏེ་ཡུལ་དངོས་ནས་དམངས་དོན་ལས་སྒྲུབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

        རྨེའུ་རུ་མ་གྲོང་རྡལ་གྱི་མངའ་ཁོངས་སུ་སྲིད་འཛིན་སྡེ་བ་ལྔ་ཡོད་ལ་ཁྱིམ་ཚང1224དང་མི་གྲངས5553ཡོད། གྲོང་རྡལ་དེའི་དམངས་ཀྱི་ཞབས་ཞུ་ལྟེ་གནས་ནས་གསར་འགོད་པས་མཐོང་བ་ལྟར་ན། ཞབས་ཞུ་ལྟེ་གནས་ནང་གི་འཁོར་ཡུག་གཙང་ལ་གྲལ་དག་པ། མང་ཚོགས་ཀྱི་ལས་དོན་བསྒྲུབ་པར་སྟབས་བདེ་གང་ལེགས་བསྐྲུན་ཆེད། གྲོང་རྡལ་སྲིད་གཞུང་གིས་སྨན་བཅོས་མཉམ་ལས་ཁང་དང་དབང་པོ་སྐྱོན་ཅན་མཉམ་ལས་ཁང་། འཆར་ལྡན་བུ་བཙའ་དང་སྐྱེ་ཁམས་རོགས་སྐྱོར། ཕྱུགས་ཟོག་གི་ནད་ཡམས་སྔོན་འགོག་དང་དབུལ་སྐྱོར། དམངས་སྲིད་སོགས་ལས་སྒྲུབ་བྱེད་སའི་སྒེའུ་ཁུང་གང་མང་འདོད་སྤྲོད་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1