འདམ་གཞུང་རྫོང་གི་སྐབས་གསུམ་པའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 05-24


    ཟླ་5ཚེས་20ཉིན། མོ་ནམ་གངས་རིའི་བརྩེ་མདངས་ཁྲོད་དབྱར་རྩྭ་དགུན་འབུ་འཐུ་བར་རོལ་ཞེས་བརྗོད་གཞི་བྱས་པའི་འདམ་གཞུང་གི་སྐབས་གསུམ་པའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་དབུ་མ་ཐང་ཤང་མོ་ནམ་གངས་རིའི་འདབ་སྦྲ་ཁ་གྲོང་ཚོའི་ཚོགས་ཆུང་ལྔ་པར་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་ཏུ། ས་གནས་དེ་གའི་མང་ཚོགས་ཀྱིས་ས་གནས་དེའི་གདོད་མའི་སྐྱེས་ཁམས་ཀྱི་གླུ་གར་དང་། འབྲོག་པའི་རིག་གནས་དར་སྲོལ་གྱི་གཟབ་མཆོར་སྟོན་མོས་ཡུལ་སྐོར་བ་ཚོར་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་འཆར་འགོད་མཉམ་འདྲེས་བྱེད་པའི་མཛེས་སྡུག་ཚོར་སྣང་སྦྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1