གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཚད་གཞི་དམའ་ཤོས་ཟླ་རེར་སྒོར88བར་ཇེ་མང་དུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-28



        ཞིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། མི་ཤུགས་སྤྱི་ཚོགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མི་ཤུགས་སྤྱི་ཚོགས་པུའུ་དང་ནོར་སྲིད་པུའུ་ཡིས་ཉེ་ཆར་བརྡ་ཐོ་བཏང་ནས2018ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་སྲུང་དངུལ་གྱི་རྨང་གཞིའི་ཚད་གཞི་དམའ་ཤོས་མི་རེར་ཟླ་རེར་སྒོར88བར་ཇེ་མང་དུ་གཏང་རྒྱུ་ཡིན་པར་བརྟེན། དེའི་སྔོན་གྱི་མི་རེར་ཟླ་རེར་སྒོར70ཡི་རྨང་གཞིའི་ཐོག་སྒོར18བསྣན་རྒྱུའི་གཏན་འབེབས་བྱས་པ་རེད། ཚད་གཞི་མཐོ་རུ་གཏོང་བར་མཁོ་བའི་མ་དངུལ་ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་རྒྱུད་ཀྱི་ས་ཁུལ་ལ་གྲངས་ཚང་ཁ་གསབ་དང་ཤར་རྒྱུད་ས་ཁུལ་ལ་བརྒྱ་ཆ50ཁ་གསབ་བྱ་རྒྱུ་ཡིན་པ་རེད།
        2014ལོར་རང་རྒྱལ་གྱིས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་སྲུང་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་རྒན་གསོ་འགན་སྲུང་ལམ་ལུགས་ཁག་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱས་ཏེ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་སྲུང་ལམ་ལུགས་བཟོས་པ་རེད།
        2015ལོར་མི་ཤུགས་སྤྱི་ཚོགས་པུའུ་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཏང་སྟེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་རྒན་གསོ་འགན་སྲུང་གི་རྨང་གཞིའི་ཚད་གཞི་དམའ་ཤོས་གཅིག་གྱུར་གྱིས་མཐོ་རུ་བཏང་བར་བརྟེན། དེའི་སྔོན་གྱི་མི་རེར་ཟླ་རེར་སྒོར55ཡི་རྨང་གཞིའི་ཐོག་སྒོར15བསྣན་ནས་སྒོར70བར་མང་དུ་བཏང་ཡོད། མི་ཤུགས་སྤྱི་ཚོགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་མཐོར་གཏོང་ཚད་གཞི་དང་དུས་ཚོད་སྤྱི་འདོམས་ཐད་ཉེ་བའི་ལོ་ཤས་རིང་གི་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་ཡོང་འབབ་འཕར་ཚུལ་དང་། ཟོག་གོང་འགྱུར་ལྡོག ལས་བཟོའི་གཞི་རྩའི་རྒན་གསོ་འགན་སྲུང་སོགས་འགན་སྲུང་གི་ཚད་གཞི་ལེགས་སྒྲིག་བྱས་པའི་གནས་ཚུལ་ལ་བསམ་གཞིག་བྱས་ཡོད་པ་རེད།
        ད་རེས་ཀྱི་བརྡ་ཐོའི་ནང་། ས་གནས་ཁག་གི་མི་སྤྱི་དང་ནོར་སྲིད་སྡེ་ཚན་གྱིས་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོར་གཏོང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས་མཐོ་རུ་བཏང་རྗེས་ཀྱི་རྒན་གསོའི་དངུལ་གང་མགྱོགས་དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
        ཤེས་རྟོགས་བྱུང་བ་ལྟར་ན། 2017ལོའི་ཟླ་བ12པའི་ཟླ་མཇུག་བར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཞུགས་མཁན་ཁྲི51255ཡོད་པའི་ནང་ནས་ཐོབ་ཆ་ལེན་མཁན་ཁྲི15598ཡོད་པ་དང་། ཟླ་རེར་མི་རེར་ཆ་སྙོམས་ཐོབ་ཆ་སྒོར125ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1