༄༅།། སྤྱི་པའི་ཐོན་ཁུངས་སྒེར་བདག་མི་ཆོག

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-28


        སྡེ་ཚན་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་སྤྱི་ཚོགས་སྤྱི་པའི་ཐོན་ཁུངས་སྒེར་བདག་བྱ་མི་རུང་།
        ཚོང་པ་རྣམས་ཀྱིས་རྐུབ་སྟེགས་དང་། སྒྲོག་ཙེ། གློག་གསོག་འཕྲུལ་རྟ། ལྕགས་རྟ་སོགས་བཞག་ནས་སྤྱི་པའི་འཁོར་རིགས་འཇོག་གནས་བཀག་པའི་སྣང་ཚུལ་ཤིན་ཏུ་རྒྱ་ཁྱབ་གྱུར་ཡོད། ཚོང་པ་མི་ཉུང་བ་ཞིག་གིས“ཉོ་ཚོང་མ་བྱས་པར་འཁོར་རིགས་འཇོག་མི་ཆོག”པའི་རྒྱུ་མཚན་དྲངས་ཏེ་ཡུལ་མིའི་འཁོར་རིགས་འཇོག་པར་བཀག་འགོག་བྱེད་ཀྱི་ཡོད།
        གྲོང་ཁྱེར་གྱི་འཁོར་རིགས་འཇོག་གནས་ནི་སྤྱི་པའི་ཐོན་ཁུངས་སུ་གཏོགས་ཤིང་། རྒྱ་ཆེའི་གྲོང་མི་རྣམས་ཀྱི་འཁོར་རིགས་གནས་སྐབས་ཉར་འཇོག་བྱེད་པར་སྟབས་བདེ་ཡོང་ཕྱིར་བཟོས་ཡིན་པ་མ་ཟད་འཇོག་གནས་ཀྱང་འོས་འཚམས་ལས་མེད་པས། ཁྲོམ་རྒྱུད་ཀྱི་ཚོང་ཁང་བདག་པོ་དང་ཁང་བདག་སོགས་མི་སྒེར་ཚང་མར་འཁོར་རིགས་འཇོག་དབང་ཡོད། འོན་ཀྱང་སླེབས་སྔ་ཕྱིའི་གོ་རིམ་གྱི་རྩ་དོན་བརྩི་སྲུང་ཞུ་དགོས།
        《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབབས་གཞིར་བཟུང་ན།སྡེ་ཚན་དང་མི་སྒེར་སུ་ཞིག་ཡིན་རུང་བཀག་དངོས་བཞག་པའི་རྣམ་པ་སྤྱད་དེ་སྤྱི་ཚོགས་སྤྱི་པའི་ཐོན་ཁུངས་བདག་བཟུང་བྱས་ནས་འགྲིམ་འགྲུལ་མ་ཡིན་པའི་བྱེད་སྒོར་སྤྱོད་མི་ཆོག  གལ་ཏེ་ཁྲིམས་ལས་འགལ་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་སྡེ་ཁག་ནས་དུས་བཀག་ནང་སྒྱུར་བཅོས་བྱ་དགོས་པའི་བཀའ་འབེབས་རྒྱུ། དངུལ་ཆད་བཅད་ནའང་འགྲིག གྱོང་གུན་བཟོས་རིགས་ཁྲིམས་ལྟར་གུན་གསབ་ཀྱི་འགན་འཁྲི་འཁུར་དགོས།
        ཡང་གཅིག་བཤད་ན། སྤྱི་པའི་འཁོར་རིགས་འཇོག་གནས་ནི་སྡེ་ཚན་ནམ་ཡང་ན་མི་སྒེར་ཞིག་གི་སྒེར་བདག་མངའ་ཁོངས་མིན་པས་ཁྲོམ་རྒྱུད་ཀྱི་ཚོང་ཁང་བདག་པོ་དང་ཁང་བདག་སོགས་མི་སྒེར་ཚང་མར་འཁོར་རིགས་འཇོག་དབང་ཡོད།
        ཚོང་པ་སྒེར་གྱིས་སྤྱི་པའི་འཁོར་རིགས་འཇོག་གནས་རང་འཚམ་ངང་བདག་བཟུང་བྱས་པའི་བྱ་སྤྱོད་དེ་ད་ཡོད་བཅའ་ཁྲིམས་ཀྱི་ངོས་ནས་བཤད་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་སྡེ་ཁག་ལ་ཁྲིམས་ལྟར་ཆད་པ་གཅོད་དབང་ཡོད། འོན་ཀྱང་ཆད་གཅོད་དབང་ཆ་དེ་ཉིད་གལ་སྲིད་ཁྲིམས་བཅད་གོ་རིམ་ལྟར་གྲོང་ཁྱེར་དོ་དམ་གྱི་ཁྲིམས་འཛིན་སྡེ་ཁག་ལ་སྤོ་སྒྱུར་བྱས་ཟིན་པ་རྣམས་འདི་ཁོངས་སུ་ཚུད་མེད།
        《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དོན་ཚན་སོ་གསུམ་པ། སྤྱི་པའི་བཟོ་བཀོད་དང་། ཚོང་ལམ། ཁྲོམ་ལམ། བཅའ་སྡོད་ཁུལ། བཟོ་བཀོད་ཆེ(འབྲིང)གྲས་སོགས་གསར་དུ་རྒྱག་པ་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱེད་སྐབས་དེ་དང་ལྷན་དུ་རླངས་འཁོར་འཇོག་ས་སྐྲུན་པ་དང་ཁ་སྣོན་རྒྱག་དགོས། རླངས་འཁོར་འཇོག་གནས་མི་འདང་བའི་སར་དུས་ཐོག་ཏུ་བཅོས་སྐྲུན་ནམ་རྒྱས་སྐྲུན་བྱ་དགོས། རླངས་འཁོར་འཇོག་ས་བཟོས་པའི་རྗེས་རང་འདོད་ལྟར་སྤྱོད་མཚམས་འཇོག་པའམ་ཡང་ན་སྤྱོད་སྒོ་གཞན་དུ་བསྒྱུར་མི་ཆོག

        གྲོང་ཁྱེར་གྱི་གཞུང་ལམ་ཁྱབ་ཁོངས་སུ་མི་དང་རླངས་འཁོར་འགྲོ་སྐྱོད་ལ་མི་གནོད་པའི་གནས་ཚུལ་འོག སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རླངས་འཁོར་འཇོག་ས་བཟོས་ན་འགྲིག


(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས། )



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1