༄༅།། རྒྱལ་ཁབ་གུན་གསབ་ཀྱི་ཚད་གཞི་གསར་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-28


        ཆེས་མཐོའི་ཞིབ་དཔྱོད་ཁང་ནས་ཁྱབ་བསྒྲགས་གནང་གསལ། ཟླ་བ་༥ཚེས་༡༦ཉིན་ནས་བཟུང་རྒྱལ་ཁབ་གུན་གསབ་ཀྱི་ཚད་གཞི་གསར་པ་ནི་ཉིན་རེར་སྒོར་284.74ཡིན།
        ཆེས་མཐོའི་ཞིབ་དཔྱོད་ཁང་ཉེས་དོན་ཞུ་གཏུག་ཞིབ་དཔྱོད་ཐིང་གིས་ཟླ་བ་༥ཚེས་༡༦ཉིན་བརྡ་ཐོ་གཤམ་སྤེལ་གནང་ནས་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཉེས་དོན་ཞུ་གཏུག་ཚན་པས་རང་ཉིད་གུན་གསབ་ཀྱི་འོས་འགན་སྒྲུབ་མཁན་བྱས་པའི་རྒྱལ་ཁབ་གུན་གསབ་ཀྱི་གྱོད་དོན་ཐག་གཅོད་བྱ་སྐབས། རྒྱལ་ཁབ་གུན་གསབ་ཀྱི་ཚད་གཞི་གསར་པ་སྟེ་ཉིན་རེར་སྒོར་284.74ལག་བསྟར་བྱ་རྒྱུ། ཚད་གཞི་འདི་ནི་ལོ་གོང་མ་་ལས་སྒོར་ 25.85སྤར་ཡོད།
        ཆེས་མཐོའི་ཞིབ་དཔྱོད་ཁང་ཉེས་དོན་ཞུ་གཏུག་ཞིབ་དཔྱོད་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་གནང་གསལ།“སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱས་རིཊ། ཉིན་རེའི་གུན་གསབ་དངུལ་གྲངས་ནི་རྒྱལ་ཁབ་ཀྱི་ལོ་གོང་མའི་ལས་བཟོའི་ཆ་སྙོམས་ཉིན་གླ་ལྟར་བརྩི་རྒྱུ་”ཞེས་རྒྱལ་ཁབ་གུན་གསབ་བཅའ་ཁྲིམས་ཀྱི་དོན་ཚན་སོ་གསུམ་པར་གཏན་འབེབས་བྱས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུད་ནས་ཟླ་༥ཚེས་༡༥ཉིན་དུ། ༢༠༡༧ལོའི་རྒྱལ་ཡོངས་གྲོང་ཁྱེར་གྲོང་རྡལ་གྱི་སྒེར་གཉེར་མ་ཡིན་པའི་སྡེ་ཚན་གྱི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཕོགས་ནི་སྒོར་74318ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད།
        གོང་གསལ་བཅའ་ཁྲིམས་གཏན་འབེབས་དང་། བསྡོམས་རྩིས་གྲངས་འབོར། དེ་བཞིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཀྱིས་འདོན་སྤྲོད་བྱས་པའི་རྒྱལ་ཡོངས་ལས་བཟོའི་ཆ་སྙོམས་ཉིན་གླ་རྩིས་ཐབས་ཀྱི་སྤྱི་འགྲོས་བཅས་གཞིར་བཟུང་ནས། སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱས་པའི་རྒྱལ་ཁབ་གུན་གསབ་གྱོད་གཞིའི་ཐད་ཆེས་མཐོའི་ཞིབ་དཔྱོད་ཁང་ཉེས་དོན་ཞུ་གཏུག་ཞིབ་དཔྱོད་ཐིང་གིས་ཉིན་རེའི་གུན་གསབ་ཚད་གཞི་གསར་པ་སྟེ་སྒོར་284.74གཏན་འཁེལ་བཟོས་པ་རེད། གཞན་ཡང《ཉེས་དོན་གུན་གསབ་གྱོད་གཞི་ཞིབ་གཅོད་བྱ་སྐབས་བཅའ་ཁྲིམས་སྤྱོད་ཕྱོགས་ཀྱི་གནད་དོན་ཁ་ཤས་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགྲེལ་བཤད》དོན་ཚན་ཉེར་གཅིག་པའི་དོན་ཆུང་གཉིས་པ་གཞིར་བཟུང་ན། ཟླ་༥ཚེས་༡༦ཉིན་ནས་བཟུང་རིམ་ཁག་ཞིབ་དཔྱོད་ལས་ཁུངས་གིས་རྒྱལ་ཁབ་གུན་གསབ་ཀྱི་ཆོད་ཡིག་བཟོ་སྐབས། སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱས་རིགས། ཉིན་རེའི་གུན་གསབ་གསབ་ཚད་གཞི་གསར་པ་ཉིད་ལག་བསྟར་བྱ་རྒྱུ་ཡིན།
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས། )
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1