གསོ་བ་རིག་པའི་ཞབས་ཞུའི་ནུས་པ་ལེགས་སུ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-29


འདི་ནི་ཉེ་ཆར་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྨན་རྩིས་ཁང་གི་སྨན་པས་ནད་པར་སྨན་བཅོས་བརྟག་དཔྱད་བྱེད་བཞིན་པ།
          ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་ནུས་པ་ལེགས་སུ་བཏང་ནས་བོད་ཀྱི་གསོ་རིག་འཛིན་སྐྱོང་སྤེལ་གསུམ་དེ་ལས་ཀའི་གཙོ་གནད་དུ་བྱ་རྒྱུར་སྐུལ་སྤེལ་གྱིས་ཆེད་དོན་མ་དངུལ་བཏང་ནས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་བོད་ཀྱི་གསོ་རིག་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་ཆ་རྐྱེན་ལེགས་བཅོས་བྱས་ཁར་གཞི་རིམ་གྱི་གསོ་རིག་འཕྲོད་བསྟེན་གྱི་ལག་རྩལ་མི་སྣའི་གཞི་རྩའི་ཤེས་བྱ་དང་སྨན་བཅོས་རྩལ་ནུས་ལེགས་སུ་བཏང་བས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་སོང་ཞིང་། ཤེས་རྟོགས་བྱས་པ་ལྟར་ན། 2020ལོར་སླེབས་སྐབས། བོད་ལྗོངས་ཀྱིས་རྫོང་ཀུན་ལ་རྫོང་རིམ་པའི་སྨན་རྩིས་ཁང་རེ་ཡོད་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་80%དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་100%ཚང་མར་སྨན་རྩིས་ཁང་ཡོད་པའི་བརྩོན་ལེན་བྱ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1