ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཨན་ཏི་ལོའུ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-30


        སྤྱི་ཟླ་5པའི་ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱིན་ཇིའི་རྒྱལ་སྲས་ཨན་ཏི་ལོའུ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་རྒྱལ་སྲས་ཨན་ཏི་ལོའུ་དང་དབྱིན་ཇིའི་རྒྱལ་བོ་ཚང་གིས་ཀྲུང་གོ་དང་དབྱིན་ཇིའི་བར་གྱི་མཛའ་མཐུན་འབྲེལ་བར་ཧུར་བརྩོན་རང་བཞིན་གྱི་སྐུལ་འདེད་བཏང་བར་བསྟོད་བསྔགས་མཛད། ཞི་ཅིན་ཕིང་གིས་བདག་གིས་2015ལོར་དབྱིན་ཇི་རྒྱལ་ཁབ་ལ་ཕུན་སུམ་ཚོགས་པའི་རྒྱལ་དོན་འཚམས་འདྲི་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྫོགས་ལྡན་དུས་རབས་ཀྱི་སྒོ་མོ་ཕྱེས་པ་རེད། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་རྫོགས་ལྡན་དུས་རབས་མུ་མཐུད་ནས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དབུ་བཞུགས་བློན་ཆེན་ཐི་ལུའུ་ཧྲ་མེ་ཡིས་ད་ལོའི་ལོ་མགོར་ཀྲུང་གོར་འཚམས་འདྲི་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་བར་འཚམས་འདྲི་བྱེད་པ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་པ་དང་། ནང་རྐྱེན་རང་བཞིན་གྱི་གྲོས་མོལ་ལེགས་པོར་སྤེལ་ཏེ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བགྲོད་ལམ་ཕྱོགས་སུ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱ་འདོད་ཅེས་བསྟན། 
        ཨན་ཏི་ལོའུ་ཡིས་ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་བར་བཀའ་དྲིན་ཞུས་པར་མ་ཟད། རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས།  ཨན་ཏི་ལོའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2015ལོར་དབྱིན་ཇི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མཉམ་ལས་སྔར་ལས་རྒྱ་བསྐྱེད་པར་སྐུལ་འདེད་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་ནས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་བཞིན་པར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། བདག་གིས་མུ་མཐུད་ནས་རྒྱལ་ཁབ་གཉིས་བར་གྱི་ཚན་རྩལ་དང་གསར་སྐྲུན། ཐོན་ལས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས། དབྱིན་ཇི་དང་ཀྲུང་གོའི་རྫོགས་ལྡན་དུས་རབས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1