བཙན་ལྷ་རྫོང་གིས་བཏུང་ཆུའི་ཆུ་མགོར་ཆེད་དམིགས་བཅོས་སྐྱོང་བྱས།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-31


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་དུ་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་ཕྱིར་དུ། བཙན་ལྷ་རྫོང་ཁོར་སྲུང་ནགས་ལས་ཅུས་ཀྱིས་ལས་བཟོ་རྩ་འཛུགས་ཀྱིས་རྫོང་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་འདུས་སྡོད་རྣམ་པའི་བཏུང་ཆུའི་ཆུ་མགོར་ཆེད་དམིགས་བཅོས་སྐྱོང་བྱས་འདུག

        སྐོར་ཞིབ་ཚོ་ཆུང་གིས་བཏུང་ཆུའི་ཆུ་མགོར་འཆར་འགོད་དང་། རྟོག་ཞིབ། བཅོས་སྐྱོང་གི་ལས་ཀའི་རེ་འདུན་གཞིར་བཟུང་སྟེ། རྫོང་རིམ་པའི་འདུས་སྡོད་བཏུང་ཆུའི་ཆུ་མགོ5རུ་རྟོག་ཞིབ་བྱས་ཤིང་། རྟོག་ཞིབ་ཀྱི་སྐབས་སུ་སྐོར་ཞིབ་ཚོ་ཆུང་གིས་ཁྲིམས་ལྟར་བཏུང་ཆུའི་ཆུ་མགོའི་སྲུང་སྐྱོང་ཁུལ་གཏན་འཁེལ་བྱས་ཏེ། ཆུ་མགོ་གཅིག་ལ་ཐབས་ཇུས་གཅིག་གི་ཡིག་ཚགས་དང་དོ་དམ་ལམ་ལུགས་བཙུགས་ཡོད། ཚད་ལྡན་ཆུ་མགོ་སྐྲུན་པའི་རེ་འདུན་གཞིར་བཟུང་སྟེ་ས་རྟགས་གསལ་བོ་དང་ཉེན་བརྡའི་མཚོན་རྟགས་བཙུགས་པ་མ་ཟད། ཆུ་མགོའི་སྒྲིག་ཆས་རྙིང་བར་ཞིག་གསོ་དང་བརྗེ་སྤོར་བྱས་ཤིང་། བཏུང་ཆུའི་ཆུ་མགོར་གནོད་པའི་ཁོར་ཡུག་གི་མངོན་མེད་རྐྱེན་ངན་བསལ་ཡོད། རྟོག་ཞིབ་ལས་རྫོང་གི་ཆུ་མགོའི་སྲུང་སྐྱོང་ཁུལ་དུ་བཙོག་སྒྱུར་དང་། ཁྲིམས་འགལ་གྱི་གསོ་སྤེལ་སོགས་མེད་པ་ཤེས་ཡོད། དེ་བཞིན་དུ་མཐོ་སྒང་གི་དམིགས་བསལ་གནས་ཚུལ་དང་། ཆུ་མགོའི་མཐའ་འཁོར་གྱི་ཞིང་ས་དང་། ལམ་ཕྲན་ལ་གཞིགས་ཏེ་རྫོང་གིས་ལས་གཞིའི་ཐབས་ལམ་དང་རྟོག་ཞིབ་ཐབས་ལམ་ལ་རྟོག་ཞིབ་དོ་དམ་ནན་མོ་བྱས་ཡོད།
        ཐེངས་འདིའི་ཆེད་དམིགས་བྱེད་སྒོ་ལས་རྫོང་གིས་ཆུ་མགོ་གཅིག་ལ་ཐབས་ཇུས་གཅིག་གི་དོ་དམ་ཡིག་ཚགས་འཐུས་ཚང་དུ་བཏང་བ་མ་ཟད། ཆུ་མགོའི་གནད་དོན་དག་གོང་བསྒྲིགས་ཏེ་བཅོས་སྐྱོང་གི་དམིགས་ཡུལ་གསལ་ཐག་ཆོད་པར་བྱས་ཤིང་། ད་ལོར་རྫོང་གིས་ལས་ཁུངས་དང་ས་གནས་རྟོག་ཞིབ་དོ་དམ་འགན་འཁུར་གསལ་བོར་བྱས་ཏེ། ཆུ་མགོ་སྲུང་སྐྱོང་གི་དྲིལ་སྒྲོག་དང་ཁྲིམས་གདལ་ལ་ཤུགས་བསྣན་ཏེ་ཆུ་མགོར་སྐོར་ཞིབ་ཀྱིས་ཁྲིམས་ལྟར་ཆུ་མགོར་སྲུང་སྐྱོང་གི་སྒྲིག་ཆས་གཏོར་མཁན་ལ་རྡུང་རྡེག་གཏང་རྒྱུ་ཡིན་ལ། རྟོག་ཞིབ་དོ་དམ་ནན་མོ་དང་ཁྲིམས་གདལ་དྲིལ་སྒྲོག་གིས་མང་ཚོགས་ཀྱི་བཏུང་ཆུའི་ཆུ་མགོའི་བདེ་འཇགས་འགན་སྲུང་བྱས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1