ཁེ་ལས་ཤིག་གི་གཞུང་ཕྱོགས་པོད་འཕྲིན་གྱིས་དྲ་ཐོག་གི་འདྲ་ པར་9བེད་སྤྱོད་བྱས་པས། མ་རྩོམ་བདག་དབང་ལ་བཙན་གནོད་ བཏང་པའི་གྱོད་གཏུག་བྱས་པ་མ་ཟད་སྒོར་ཁྲི་2.5 ཡི་གྱོང་གསབ་སྤྲོད་དགོས་པའི་ཞུ་གཏུག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ནམ་རྒྱུན་པོད་འཕྲིན་རྩེ་བའི་གྲོགས་པོ་རྣམ་པ། རྗེས་ཕྱོགས་པོད་འཕྲིན་ནས་པར་སོགས་ཕན་ཚུན་ལ་བསྐུར་བ་དང་རང་གི་པོད་འཕྲིན་རྒྱབ་ལྗོངས་སུ་འཇོག་འདོད་ན་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་དགོས། གང་ཡིན་ཟེར་ན། ཉེ་ལམ་ཁྲིམས་ཁང་ག་གེ་མོས་པོད་འཕྲིན་ནས་པར་བསྐུར་བའི་པར་གྱི་བདག་དབང་རྩོད་པའི་གྱོད་དོན་ཞིག་གི་བརྡ་སྦྱོར་བཀྲམ་འདུག

ཁེ་ལས་Aཡི་ཤིན་ལང་གཞུང་ཕྱོགས་པོད་འཕྲིན་(新浪官方微博)དུ་དྲ་དངོས་གང་རུང་ནས་གང་འདོད་དུ་ཕབ་ལེན་བྱས་པའི་པར་9བཞག བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་འགའ་ཡང་མ་འགོར་བར་གཞན་གྱིས་ཁོ་བོའི་པར་གྱི་བདག་དབང་ལ་གནོད་པ་ཐེབས་པ་མ་ཟད་སྒོར་ཁྲི་2.5གྱོང་གསབ་སྤྲོད་དགོས་པའི་ཞུ་གཏུག་བྱས།

ཁེ་ལས་Aཞུ་གཏུག་བྱེད་མཁན་ནི་སྤྱི་གཉེར་ཁང་Bཡིན་པ་དང་། སྤྱི་གཉེར་ཁང་Bནི་སྤྱི་གཉེར་ཁང་Cཡི་གནས་ག་གེ་མོའི་དབང་བཅོལ་འཐུས་ཚབ་པ་ཡིན་ལ་སྤྱི་གཉེར་ཁང་Cནི་མིང་དུ་གྲགས་པའི་པར་ལེན་བརྩམས་ཆོས་མཁོ་སྤྲོད་ཚོང་པའང་ཡིན།

ཉེ་ལམ། Bསྤྱི་གཉེར་ཁང་གིས་Aཁེ་ལས་ཀྱི་ཤིན་ལང་གཞུང་ཕྱོགས་པོད་འཕྲིན་(新浪官方微博)དུ་པར་གྱི་བདག་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་པར་9བཀོལ་སྤྱོད་བྱས་འདུག་པ་ཤེས་རྟོགས་བྱུང་། Bསྤྱི་གཉེར་ཁང་གིས་Aཁེ་ལས་ཀྱིས་ལོངས་སུ་སྤྱོད་རྒྱུའི་དབང་ཆ་ཐོབ་མེད་པའི་གནས་ཚུལ་འོག་ཏུ་ཚོང་ལས་ཀྱི་དགོས་དབང་གིས་རང་འདོད་དུ་གོང་གི་པར་དེ་བཀོལ་སྤྱོད་བྱས་པས། པར་གྱི་བདག་དབང་ལ་གནོད་སྐྱོན་བཟོས་པ་རེད། དེ་བས་ཁྲིམས་ཁང་ལ་ཞུ་བཏུག་བྱས་པ་མ་ཟད་སྒོར་ཁྲི་3གྱི་གྱོང་གསབ་སྤྲོད་པར་རེ་ཞུ་བྱས།

ཁྲིམས་ཁང་གི་ཞིབ་གཅོད་པས་དོན་རྐྱེན་སོགས་ནན་ཏན་དཔྱད་རྗེས། Bསྤྱི་གཉེར་ཁང་ནི་Cསྤྱི་གཉེར་ཁང་གི་གནས་ག་གེ་མོའི་དབང་བཅོལ་འཐུས་ཚབ་ཡིན་པས། ཁྱབ་ཁོངས་ངེས་གཏན་ནང་ནས་རང་ཉིད་ཀྱི་ཚོང་རྫས་ཉོ་ཚོང་དང་པར་སོགས་བཀོལ་སྤྱོད་དབང་ཆ་ཡོད་པས་རང་ཉིད་ཀྱི་ཁེ་ཕན་སྲུང་བའི་དབང་ཆ་ཡོད། Aཁེ་ལས་ཀྱིས་བཀོལ་སྤྱོད་བདག་དབང་མེད་པའི་ཆ་རྐྱེན་འོག་ཏུ་རང་འདོད་ཀྱིས་རང་ཉིད་ཀྱི་པོད་འཕྲིན་ཏུ་རང་ཉིད་ཀྱི་ཚོང་རྫས་ཁྱབ་བསྒྲགས་བྱེད་པར་གཞན་གྱི་པར་བཀོལ་སྤྱོད་བྱས་ནས་རྩོམ་གྱི་བདག་དབང་གི་དབང་ཆར་གནོད་པ་ཐེབས་པས་བཀོལ་སྤྱོད་མཚམས་འཇོག་པའི་འོས་འགན་ཁུར་དགོས་པ་མ་ཟད་གྱོང་གསབ་སྤྲོད་པ་དང་དམངས་དོན་འགན་འཁྲི་ཁུར་དགོས།

མཐའ་མཇུག་གི་འདྲི་གཅོད་བརྒྱུད། Aཁེ་ལས་ཀྱིས་Bསྤྱི་གཉེར་ཁང་ལ་སྒོར་ཁྲི་2.5ཡི་གྱོང་གསབ་སྤྲོད་དགོས་པ་མ་ཟད་Aཁེ་ལས་ཀྱིས་ཤིན་ལང་པོད་འཕྲིན་ནས་པར་9པོ་གསུབ་དགོས་པ་དང་གནོད་སྤེལ་བྱ་སྤྱོད་མཚམས་འཇོག་དགོས།

པོད་འཕྲིན་རྒྱུད་བསྐུར་བྱས་ན་གནོད་སྐྱོན་བཟོས་པའི་བྱ་སྤྱོད་ཡིན་ནམ་མིན།

གྱོད་དོན་འདི་ཡི་ཁྲོད་དུ། Aཁེ་ལས་ཀྱིས་བཀོལ་སྤྱོད་ཀྱི་བདག་དབང་མེད་པའི་འོག་ཏུ་གཞན་གྱི་པར་དེ་རང་ཉིད་ཀྱི་ཚོང་རྫས་ཁྱབ་བསྒྲགས་བྱེད་པར་བཀོལ་པ་དེས་བདག་དབང་ལ་གནོད་སྐྱོན་ཐེབས་པ་གསལ་པོ་རེད། དེ་ན་པོད་འཕྲིན་ནས་མཐོང་སླ་བའི་རྒྱུད་བསྐུར་བྱས་ན་བདག་དབང་ལ་གནོད་སྐྱོན་ཐེབས་པའི་བྱ་སྤྱོད་ཡིན་ནམ་མིན། ཁྲིམས་དཔོན་གྱིས་བཤད་ན། པོད་འཕྲིན་ནི་མཉམ་རོལ་སྤེལ་རེས་བྱེད་སའི་སྟེགས་བུ་ཞིག་ཡིན་པ་དང་དུས་རྒྱུན་གྱི་བཀོལ་སྤྱོད་ཁྲོད་དུ་གཞན་གྱི་པོད་འཕྲིན་ནང་དོན་བརྒྱུད་སྐུར་བྱེད་བཞིན་ཡོད། དེ་བས་པོད་འཕྲིན་གྱི་སྟེང་ནས་གཞན་གྱི་པོད་འཕྲིན་ནང་དོན་རྒྱུད་སྐུར་བྱེད་པ་ཁོ་ན་ཡིན་ན་དེ་ནི་རོལ་མྱོང་བྱེད་པ་དང་སློབ་སྦྱོང་བྱེད་པ། ཞིབ་འཇུག་བྱེད་པ་སོགས་ཡིན་པས་སྤྱིར་བཏང་དུ་བདག་དབང་གནོད་སྐྱོན་བྱེད་པར་མི་བརྩི། ཡིན་ནའང་། དོན་གནད་འགའ་ལ་ཚང་མས་མཉམ་འཇོག་བྱ་དགོས་ཏེ། 1.གཞན་གྱི་པོད་འཕྲིན་ལོགས་ཀྱི་པར་སོགས་འདྲ་བཟོ་བྱས་རྗེས་སུ་རང་གིས་ཁྱེར་ཡོང་ནས་རང་གི་པོད་འཕྲིན་དུ་བཀོལ་སྤྱོད་བྱེད་པ། 2.གཞན་གྱིས་བརྒྱུད་བསྐུར་བྱ་མི་ཆོག་ཅེས་གསལ་བཤད་བྱས་ཡོད་པའི་པོད་འཕྲིན་གྱི་ནང་དོན་བརྒྱུད་བསྐུར་བྱེད་པ། 3.ཚོང་ལས་དགོས་དབང་དུ་བཀོལ་པའི་ཁྱབ་བསྒྲགས་སོགས་རྒྱུད་བསྐུར་བྱས་ན་རྩོམ་གྱི་བདག་དབང་ལ་གྱོང་ཐེབས་པའི་ཉེན་ཁ་ཤིན་ཏུ་ཆེ། དེ་བས་རྩོམ་གྱི་བདག་དབང་འདི་ལ་ཧ་ཅང་གཟབ་ན་ལེགས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1