ཞོ་སྟོན་གྱི་ཉིན་མོར་སེ་ར་དགོན་དུ་གོས་སྐུ་བཤམས་པའི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-27


 
     སྤྱི་ཟླ་8པའི་ཚེས་25ཉིན་ནི་2014ལོའི་ཞོ་སྟོན་གྱི་ཉིན་མོ་ཡིན་ལ། སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར། ཉིན་འདིར་གོས་སྐུ་བཤམས་པ་ནི་ཞོ་སྟོན་གྱི་མཛད་སྒོའི་སྔོན་གྱི་གལ་ཆེ་བའི་བྱེད་སྒོ་ཞིག་ཡིན། དེ་མིན་ལྷ་སའི་འབྲས་སྤུངས་དགོན་དུའང་གོས་སྐུ་བཤམས་ཀྱི་ཡོད།
     སྔ་དྲོའི་ཆུ་ཚོད་6:30སྟེང་དད་ལྡན་མང་ཚོགས་རྣམས་སྔ་མོ་ནས་སེ་ར་དགོན་པའི་གོས་སྐུ་བཤམས་སའི་སྟེགས་བུའི་སྔུན་དུ་འདུས་ཏེ་ཁ་བཏགས་དང་མཆོད་མར་སོགས་གྲ་སྒྲིག་སྒོས་གོས་སྐུ་བཤམས་པར་སྒུག་ནས་སྡོད་པ་ཡིན། དེ་ཡང་སྲོལ་རྒྱུན་གྱི་ལུགས་ལྟར་ན་འབྲས་སྤུངས་དགོན་གྱི་གོས་སྐུ་བཤམས་ཚར་རྗེས་ད་གཟོད་སེ་ར་དགོན་པའི་གོས་སྐུ་བཤམས་མགོ་བརྩམས་པ་ཡིན། ཆུ་ཚོད8:30སྟེང་། ཚོན་མདངས་རྣམ་པར་བཀྲ་བའི་གོས་སྐུ་དངོས་སུ་བཤམས་པ་དང་བསྟུན་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱིས་གོས་སྐུ་ལ་ཞལ་མཇལ་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1