ཐང་ག་སྒྱུ་རྩལ་མཁས་ཅན་ངག་དོན་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་དྲན་གསོའི་བརྩམས་ཆོས་ལྷ་སར་འགྲེམས་སྟོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-04


    ཟླ་5ཚེས་30ཉིན། བོད་ལྗོངས་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པས་སྐུལ་སློང་བྱས་པ་དང་། བོད་རང་སྐྱོང་ལྗོངས་མཛེས་རྩལ་པའི་མཐུན་ཚོགས། བོད་ལྗོངས་མཛེས་རྩལ་གླིང་། གཞིས་རྩེ་མཛེས་རྩལ་པར་ལེན་ཡིག་གཟུགས་མཐུན་ཚོགས་བཅས་མཉམ་འབྲེལ་བྱས་ཏེ་གཙོ་གཉེར་བྱས་པའི"ཐང་ག་སྒྱུ་རྩལ་མཁས་ཅན་ངག་དོན་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་དྲན་གསོའི་བརྩམས་ཆོས་འགྲེམས་སྟོན"ལྷ་སའི་བཤད་སྒྲའི་སྒོ་རའི་ནང་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ངག་དོན་སྐུ་འཚོ་བཞུགས་སྐབས་ཀྱི་བརྩམས་ཆོས་གང་མང་བཤམས་སྟོན་བྱ་ཆེད། བོད་ལྗོངས་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པས་ཆེད་མངགས་ངག་དོན་སྐུ་འཚོ་བཞུགས་སྐབས་ཀྱི་གཙོ་གནད་ཕྱག་ལས་གནང་ཡུལ་དུ་ཕྱིན་ནས། དགོན་པ་ཆེན་པོ་ཁག་ལ་ཁྱབ་པའི་ལྡེབས་རིས་བརྩམས་ཆོས་འབོར་ཆེན་པར་དུ་བླངས་པ་རྨང་གཞིར་བྱས་ནས་དེའི་ཁྲོད་ནས་སྤུས་དག་བརྩམས་ཆོས་30ལྷག་བདམས་པ་དང་དུས་མཚུངས། ངག་དོན་གྱིས་གསོ་སྐྱོང་གནང་བའི་ཕུལ་བྱུང་སློབ་མའི་ཐང་ག་40ལྷག་ཙམ་ཐེངས་འདིའི་འགྲེམས་སྟོན་ལ་བཤམས་པ་རེད། ཐེངས་འདིའི་འགྲེམས་སྟོན་ནི་ཟླ་5ཚེས་30ཉིན་ནས་ཟླ་6ཚེས་10ཉིན་བར་སྤྱི་དམངས་ལ་རིན་པ་མི་དགོས་པར་སྒོ་མོ་འབྱེད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1