ཀྲུང་གོ་ནས་འཁྱགས་ཆུ་འགྲན་སློང་གི་བྱམས་བརྩེའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-27


             སྤྱི་ཟླ་8པའི་ཚེས་22ཉིན། དབྱང་ཀྲོའུ་གྲོང་ཁྱེར་གྱི་བརྩེ་སེམས་དང་བླངས་པ་ཞིག་འཁྱགས་ཆུ་འགྲན་སློང་གི་བྱེད་སྒོར་ཞུགས་བཞིན་པ། 

             སྤྱི་ཟླ་8པའི་ཚེས་22ཉིན། དབྱང་ཀྲོའུ་གྲོང་ཁྱེར་གྱི་བརྩེ་སེམས་ཁེ་ལས་ཀྱིས་འཁྱགས་ཆུ་འགྲན་སློང་གི་སྤྱི་ཕན་བྱེད་སྒོ་སྤེལ་ཞིང་། བརྩེ་སེམས་ལྡན་པའི་སྡོད་དམངས་དག་འགྲན་སློང་བྱེད་སྒོའི་ནང་མཉམ་ཞུགས་བྱ་རྒྱུར་གདན་འདྲེན་བྱས་ནས། འགྲན་བསྡུར་ལས་རྒྱལ་ཐེངས་རེ་ལ། ཁེ་ལས་འདིས་དམངས་སྒོར་100ཡི་དགེ་རྩའི་རོགས་དངུལ་སྦྱིན་བཞིན་ཡོད། འཁྱགས་ཆུ་འགྲན་སློང་ནི་ཨ་རིའི་དབྱུག་གྲུག་ལུས་རྩལ་པ་ཞིག་ནས་འགོ་བརྩམས་པ་ཡིན་ལ། བྱེད་སྒོ་འདི་ནི་ཤ་གནད་འཁུམ་པའི་རང་བཞིན་ཅན་གྱི་མཁྲེགས་འགྱུར་ནད་པ་(ALS)ཚོར་གཟིགས་སྐྱོང་གནང་རྒྱུའི་ཆེད་དུ་ཡིན་འདུག ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། མེང་ཏེ་ལུང་གིས་པར་བླངས།

   
                 སྤྱི་ཟླ་8པའི་ཚེས་23ཉིན། ཧྲན་ཞི་ཐའེ་ཡོན་གྲོང་ཁྱེར་གྱི་མང་ཚོགས་འཁྱགས་ཆུ་འགྲན་སློང་གི་བྱེད་སྒོར་ཞུགས་ནས། མཁྱགས་རེངས་ནད་པ་ཚོར་ཐུགས་ཁུར་བྱ་དགོས་པའི་འབོད་སྐུལ་བཏང་ཡོད།  འཁྱགས་ཆུ་འགྲན་སློང་གི་བྱེད་སྒོ་ཀྲུང་གོ་ནས་མགྱོགས་མྱུར་རྒྱ་ཁྱབ་ཏུ་སོང་བ་དང་བསྟུན་ནས། སྔོན་མ་གྲགས་སྐར་རྣམས་ཀྱིས་གཙོ་བྱས་ནས་སྤེལ་འགོ་བརྩམས་པའི་སྤྱི་ཕན་བྱེད་སྒོ་འདིར། ད་ལྟ་རིམ་བཞིན་ཀྲུང་གོའི་ས་ཆ་སོ་སོ་ནས་མི་སེར་དཀྱུས་མ་ཚོ་ཞུགས་ཚད་ཇེ་ཆར་ཕྱིན་སོང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཅུན་ཅེ་ཡིས་པར་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1