རྔ་བ་ཁུལ་གྱི་ལས་རིགས་སློབ་གླིང་དངོས་སུ་བཙུགས་པ།

ཚེ་རིང་འབུམ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-06


        ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་གནང་བ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་བཀོད་སྙན་སེང་བྱས་པ་བརྒྱུད། རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་དོ་དམ་བྱེད་པའི་རྔ་བ་ཁུལ་གྱི་ལས་རིགས་སློབ་གླིང་ཉེ་ཆར་དངོས་སུ་བཙུགས་ནས།  2018ལོའི་སྟོན་ཁར་ཁུལ་ཡོངས་སུ་སློབ་མ་བསྡུ་རྒྱུ་རེད།
        རྒྱུས་ལོན་པ་ལྟར་ན།  རྔ་བ་ཁུལ་ལས་རིགས་སློབ་གླིང་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་། སི་ཁྲོན་བོད་ཁུལ་གྱི་སྣ་འཛོམས་མཐོ་རིམ་སློབ་གླིང་ཞིག་ཡིན། སློབ་གླིང་ནི་མའོ་རྫོང་དུ་བཙུགས་ཡོད།  སློབ་གླིང་དེའི་སློབ་མ་ནི་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གླིང་དཀྱུས་མས་གཅིག་གྱུར་དུ་སློབ་མ་བསྡུ་བའི་འཆར་གཞི་རུ་འགོད་རྒྱུ་རེད། སློབ་གླིང་གིས་ས་ཞིང་མུའུ་200ལྷག་ཟིན་པ་དང་ཨར་ལས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་110ཡོད། སློབ་གླིང་དེར་དགེ་རྒན་118ཡོད།
        ད་ལོར་རྔ་བ་ཁུལ་ལས་རིགས་སློབ་གླིང་གིས་ཐེངས་དང་བོར་ཆེད་སྦྱོང་འཛིན་གྲྭ་དྲུག་བཙུགས་ནས། སློབ་མ་730བསྡུ་རྒྱུ་རེད། དེ་ལས་སྐྱེ་ཁམས་ཞིང་ལས་ལག་རྩལ་བ་་80(དེའི་ནང་རིགས་དང་བོའི་བོད་ཡིག་གཙོ་སྦྱོང་བ་20)དང་། ཕྱུགས་ནད་སྨན་པ་200།  ཕྱུགས་ནད་སྨན་པ(བོད་ལུགས་ཀྱི་ཕྱུགས་ནད་སྨན་བཅོས་དང་རིགས་དང་བོའི་བོད་ཡིག་གཙོ་སྦྱོང་བ)120། མི་རིགས་ཀྱི་འཁྲབ་སྟོན་པ་50། མི་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་བ་30། ལྗོངས་སྐོར་དོ་དམ་པ་150(དེའི་ནང་རིགས་དང་བོའི་བོད་ཡིག་གཙོ་སྦྱོང་བ་30།)རྩིས་པ་100(དེའི་ནང་རིགས་དང་བོའི་བོད་ཡིག་གཙོ་སྦྱོང་བ་25)ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1