མཛོད་དགེས་རྩྭ་ས་བྱེ་འགྱུར་ལ་བཅོས་སྐྱོང་བྱས་ནས་ཕན་འབྲས་བླངས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-07


        རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་ཏེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་བ་མ་ཟད། ད་རུང་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་བ་ནན་གྱིས་བསྟན། ཐེངས་འདིའི་གཏམ་བཤད་ཀྱིས་མཛོད་དགེ་རྫོང་གི་རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་བྱེད་པའི་ཐད་ལ་ཆོད་སེམས་བརྟན་པོར་བཏང་ཡོད།

        གནའ་མའི་གཏམ་དཔེ་ལ་མཐོ་སྒང་གི་ཆུ་མཛོད་ཅེས་བརྗོད་པའི་མཛོད་དགེ་རྩྭ་ཐང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གཙོ་བོ་ཞིག་ཡིན་ལ། ཆར་དུས་ཆུ་སྡུད་དང་སྐམ་དུས་ཆུ་གཏོང་གི་རང་བྱུང་ནུས་པ་ཆེན་པོར་ལྡན་མོད། འོན་ཀྱང་ད་བར་མིའི་རིགས་ཀྱི་བྱ་སྤྱོད་དང་འཛམ་གླིང་གི་དྲོད་ཚད་ཇེ་མཐོར་འགྲོ་བའི་ཤུགས་རྐྱེན་འོག་རྩྭ་ས་བྱེ་ཐང་དུ་འགྱུར་བའི་སྣང་ཚུལ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།
        ལོ་འདི་འགའི་རིང་ལ་མཛོད་དགེ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུན་ངང་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་ནས་མཐོ་སྒང་དུ་ལྕང་མ་འདེབས་འཛུགས་གང་ལེགས་བྱས་པས་རྩྭ་ཐང་བྱེ་མར་འགྱུར་བའི་འགྲོས་ཚད་ཇེ་དལ་དུ་བཏང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1