ཞི་ཅིན་ཕིང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་རེ་ཨིན་པེད་ཁི་ཧྥུའུ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་རླུང་འཕྲིན་དྲ་བ། སྤེལ་དུས། 06-08


        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་དྲུག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་རེ་ཨིན་པེད་ཁི་ཧྥུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་སྐྲུན་པར་གཅིག་གྱུར་སྒོས་འཐད་པ་བྱུང་།

        ཞི་ཅིན་ཕིང་གིས་རེ་ཨིན་པེད་ཁི་ཧྥུའུ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་གཉིས་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་པའི་དོན་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་བསྣན། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་ཀྲུང་གོ་ཕྱོགས་ཀྱིས་ཅི་ཨར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་སྙིང་སྟོབས་འདོན་སྤེལ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་དར་རྒྱས་གོང་འཕེལ་དུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་པར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།
        ཞི་ཅིན་ཕིང་གིས་ཅི་ཨར་ཅི་སི་སི་ཐན་གྱིས་ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བའི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་གདེང་འཇོག་གང་ལེགས་མཛད་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
        རེ་ཨིན་པེད་ཁི་ཧྥུའུ་ཡིས་བཤད་རྒྱུར། ཅི་ཨར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བ་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་གོ་གནས་གལ་ཆེན་ཞིག་ཏུ་བཞག་ཡོད་ལ། ཀྲུང་གོ་དུས་ནམ་ཡང་ཅི་ཨར་ཅི་སི་སི་ཐན་གྱི་ཁྱིམ་མཚེས་དང་གྲོགས་པོ་བཟང་བོ་ཡིན། ཅི་ཨར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་ངན་ཤུགས་གསུམ་ཆམ་ཕབ་བཏང་སྟེ། ས་ཁུལ་རང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།
        གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅི་ཨར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་གཉིས་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བཙུགས་པའི་མཉམ་འབྲེལ་གསལ་སྒྲོག་སྟེང་མིང་བཀོད་པར་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་སྣ་ཚོགས་སྟེང་མིང་བཀོད་པར་བདེན་དཔང་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1