སྤྱི་ཕན་སྒྲུབ་པ་ནི་སྦྱིན་པ་གཏོང་བ་མ་ཡིན་པར་དེ་ནི་འདྲ་མཉམ་གྱི་འབྲེལ་འདྲིས་ཤིག་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-28


 ནན་ཏན་གྱིས་སློབ་ཁྲིད་ལ་ཉན་བཞིན་པའི་བྱིས་པ།
             ཟླ་7པའི་ཟླ་མཇུག་ཏུ། ཧ་ཨེར་པིན་བཟོ་ལས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་ཀྲོའུ་ལིན་ཅིན་གྱིས་དབྱར་གནང་བཏང་མ་ཐག་ཏུ་ཅ་ལག་བསྡུ་གསོག་བྱས་ཏེ། བོད་ལྗོངས་སུ་སྐྱོད་ནས་དང་བླངས་དགེ་རྒན་གྱི་ལས་ཀ་གཉེར་བའི་ལམ་ལ་ཞུགས་པ་རེད། ཁོང་གིས་བསམ་པར། དང་བླངས་དགེ་རྒན་གྱི་ལས་ཀ་གཉེར་བཞིན་པའི་སློབ་མ་ཚོའི་ཁྲོད་དུ་སྦྱིན་པ་གཏོང་བའི་ལྟ་སྟངས་འཛིན་མཁན་གྱི་མི་མང་བ་དང་། དེ་ལྟར་བྱས་ཚེ་བྱིས་པ་ཚོའི་ལ་རྒྱ་ལ་གནོད་པ་ཡོད་པས། སྤྱི་ཕན་སྒྲུབ་པ་ནི་སྦྱིན་པ་གཏོང་བ་མ་ཡིན་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་ཞིག་ཡིན་ཞེས་བཤད་པ་རེད།
             ད་ལོར་རྒྱལ་ཡོངས་ནས་བསྡོམས་པས་སློབ་ཆེན་དང་བླངས་པ་དང་དང་བླངས་དགེ་རྒན་ཚོགས་པའི་ཚོགས་མི་1995ལོར་བོད་ལྗོངས་སུ་སྐྱོད་ནས། དབྱར་གནང་སྐབས་ཀྱི་དང་བླངས་ཞབས་ཞུ་དང་སློབ་ཁྲིད་རོགས་སྐྱོར་གྱི་བྱ་འགུལ་སྤེལ་ཡོད་པ་རེད། ལྷ་སར་ཡོང་སྟེ་རྒྱལ་ཡོངས་ཀྱི་གངས་ལྷ་མེ་ཏོག་སློབ་ཁྲིད་རོགས་སྐྱོར་ཚོགས་པ་ནས་འགན་ལེན་ལས་ཀ་སྒྲུབ་བཞིན་པའི་ཀྲོའུ་ལིན་ཅིན་གྱི་བསམ་པར། བོད་ལྗོངས་སུ་ཡོང་མཁན་གྱི་སློབ་ཆེན་དང་བླངས་དགེ་རྒན་ཚོགས་པ་ཇེ་མང་ནས་ཇེ་མང་འགྱུར་བཞིན་ཡོད་པས། དབྱར་གནང་གི་དང་བླངས་དགེ་རྒན་གྱི་རྣམ་པ་དྭངས་མ་དེ་འགྱུར་བཞིན་ཡོད། རང་ཉིད་ཀྱི་ཉེ་འཁོར་དུའང་སློབ་མ་ལ་ལས་ནི་སྐར་མ་བསྣན་པ་དང་ལས་གནས་འཕར་བའི་ཆེད་དུ་དང་བླངས་དགེ་རྒན་བྱེད་པ་དང་། ལ་ལས་ནི་སྦྱིན་པ་གཏོང་བའི་ལྟ་སྟངས་བཟུང་ནས་དང་བླངས་དགེ་རྒན་བྱེད་མཁན་ཡོད་པ་རེད། དེ་ལྟར་བྱས་ཚེ་སློབ་མ་ཚོའི་ལ་རྒྱ་ལ་གནོད་པ་རེད། དོན་དངོས་སུ་སྤྱི་ཕན་སྒྲུབ་པ་ནི་སྦྱིན་པ་གཏོང་བ་ཁོ་ན་ཞིག་མ་ཡིན་པར། དེ་ནི་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་ཞིག་ཡིན། ཕན་ཚུན་བརྩི་བཀུར་གྱི་བསམ་པ་བཟུང་ཚེ་ད་གཟོད་སྤྱི་ཚན་སྒྲུབ་པར་དོན་སྙིང་ལྡན་པ་རེད།  ཅེས་ཁོང་གིས་དེ་ལྟར་བཤད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1