གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༡༢ཉིན།

༄༅།། སྔོ་ཚལ་གྱི་འཚོ་བཅུད་སྲུང་ཐབས།

        སྔོ་ཚལ་ནི་རང་བྱུང་འཚོ་བཅུད་ཀྱི་ཐོན་ཁུངས་ལྟ་བུ་ཞིག་ཡིན་ན་ཡང་། དེ་བཙོ་རྔོ་ལེགས་པོ་མ་བྱུང་ན། འཚོ་བཅུད་དོན་མེད་དུ་འཕྲོག་བརླག་འགྲོ་བས་གཤམ་གསལ་གྱི་བྱ་ཐབས་ཁག་གིས་སྔོ་ཚལ་གྱི་འཚོ་བཅུད་སྲུང་སྐྱོབ་བྱེད་ཐུབ།
1.སྔོ་ཚལ་གྱི་འཚོ་བཅུད་ཕལ་ཆེ་བ་ལོ་མར་འདུས་ཡོད་པ་དང་རྐང་ཡུར་ཉུང་བ་དང་། སྔོ་ཚལ་གྱི་ཕྱི་ངོས་སུ་མང་བ་དང་ནང་རིམ་དུ་ཉུང་བར་བརྟེན། སྔོ་ཚལ་རྔོ་བའམ་བཙོ་སྐབས་ཚལ་གྱི་ལོ་མ་གང་བྱུང་འདོར་རྒྱུ་མེད།
2.སྔོ་ཚལ་འཁྲུད་སྐབས་གང་མགྱོགས་འཁྲུད་དགོས་པ་ལས་ཆུར་སྦངས་ནས་ཡུན་རིང་འཇོག་རྒྱུ་མེད་ལ། སྔོན་ལ་བཀྲུས་ནས་གཏུབ་དགོས།
3.སྔོ་ཚལ་གཏུབ་སྐབས་ཇི་ཙམ་ཆུང་བ་དང་དེ་ཙམ་ཕྲ་བ་བཏུབས་ན་འཚོ་བཅུད་མང་བ་ཤོར་གྱི་ཡོད།
4.སྔོ་ཚལ་བཏུབས་རྗེས་དུས་ཐོག་ཏུ་བཙོ་བའམ་རྔོ་བ་ལས་ཚལ་བཏུབས་ནས་དུས་ཚོད་རིང་པོ་འཇོག་མི་རུང་།
5.ཚལ་བཙོ་སྐབས་ཆུ་འཁོལ་རྗེས་ཚལ་བླུགས་ནས་ཆུའི་ཚ་ཚད་ཏུའུ་120ཡི་ནང་སྐར་མ་15ཙམ་བཙོས་ན་འགྲིག
6.སྔོ་ཚལ་རྔོ་སྐབས་བཟའ་ཚུའུ་ཏོག་ཙམ་བླུགས་ན་སྔོ་ཚལ་གྱི་འཚོ་བཅུད་ག་པ་སྲུང་ཐུབ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1