ལི་ཐང་གིས་ན་གཞོན་གྱི་ལས་གཏོད་ལ་རམ་འདེགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-14


      “ཉེ་ཆར་ང་ཉིན་ལྟར་གྲོང་མིའི་སར་དབྱར་རྩྭ་དགུན་འབུ་ཉོ་བར་འགྲོ་ཡི་ཡོད། དེ་དག་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་ནས་འཛད་སྤྱོད་པར་ཐད་ཀར་འཚོང་གི་ཡོད”ཅེས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་ཇ་རྟའི་ཚོང་ལམ་དྲ་ཐོག་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་སྲོལ་གཏོད་པ་བཀྲ་ཤིས་རྡོ་རྗེ་ཀུང་སིའི་འཕེལ་རྒྱས་ཀྱི་མདུན་ལམ་ཐད་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

       བཀྲ་ཤིས་ཀྱི་ཀུང་སི་2017ལོའི་ཟླ་3པར་བཙུགས་པ་དང་། དབྱར་རྩྭ་དགུན་འབུའི་དུས་ཚིགས་འདས་རྗེས་ཁོ་ཚོས་བེ་ཤ་སོགས་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ཟོག་འཚོང་གི་ཡོད། ད་ཆར་ཀུང་སིར་རོགས་ཟླ་3ཇེ་མང་དུ་སོང་བ་དང་ཁོ་ཚོ་ཡང་བཀྲ་ཤིས་དང་འདྲ་བར་ཕ་ཡུལ་གྱི་འཕེལ་རྒྱས་ལ་ནུས་པ་འབུལ་འདོད་ཡོད་པའི་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་ཡིན།

      ལི་ཐང་རྫོང་ཀའོ་ཁྲེང་གྲོང་རྡལ་ཏང་ཨུད་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ལི་ཐང་རྫོང་གི་དྲ་ཐོག་ཚོང་དོན་གཉིས་གཏོད་སྐྱེད་སྲིང་ལྟེ་གནས་2017ལོའི་ཟླ་8པ་ནས་བཟུང་གཉེར་སྐྱོང་བྱས་པ་དང་བཟོ་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་2600ཟིན་ཡོད། མིག་སྔར་ཁེ་ལས་23ལྟེ་གནས་སུ་བཅའ་སྡོད་བྱས་པའི་ནང་སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལས་གཏོད་ཁེ་ལས་10དང་། དངོས་ཟོག་མྱུར་སྐྱེལ་ཀུང་སི་7 ཞིང་ལས་ཁྱད་ལྡན་ཐོན་ཟོག་ལས་སྣོན་ཁེ་ལས་6བཅས་ཚུད་ཡོད་པ་རེད།

      བཀྲ་ཤིས་རྡོ་རྗེས་ལི་ཐང་ལ“འཛམ་གླིང་གི་ས་མཐོའི་གྲོང་རྡལ”ཞེས་པའི་མཚན་སྙན་ཡོད་པ་དང་། རང་བྱུང་ཁམས་ཆེན་མོས་ས་མཐོའི་ཡུལ་དུ་ཁྱད་ལྡན་ཐོན་ཟོག་མང་པོ་མཁོ་འདོན་བྱས་ཡོད་པ་དེ་དག་ཡུལ་ལུང་མང་པོར་ཁྱབ་རྒྱུའི་རེ་བ་ཡོད་ལ། ཕ་ཡུལ་དུ་ཕྱིར་ལོག་པའི་ལས་གཏོད་སློབ་གྲྭ་ཆེ་མོ་བའི་ངོས་ནས་བོད་རིགས་ས་ཁུལ་གྱི“ཚོང་ཟོག་ཡག་པོ”ས་ཆ་མང་པོར་བཙོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1