རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བས་ཚན་ཆུང་བགར་ནས་གྲོས་ཚོགས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-28


 
            རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བས་ཚེས་26ཉིན་གྱི་སྔ་དྲོར་ཚན་ཆུང་བགར་ནས་གྲོས་ཚོགས་བསྡུས་ཏེ། སྔོན་རྩིས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཞི་ཡི་གྲོས་ཞིབ་མ་ཡིག་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་2007ལོའི་སྲིད་འཛིན་དཔོན་པོ་དང2016ལོའི་ཁྲིམས་འཛུགས་ལྷན་ཚོགས་འཛུགས་པའི་བྱེད་ཐབས་ལ་བཟོ་བཅོས་བྱེད་དགོས་མིན་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཞིབ་ལ་མགོ་འཛིན་མཛད།

           ཚན་ཆུང་བགར་ནས་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས་བལྟས་ན། སྔོན་རྩིས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་18དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་ཁེལ་བྱས་པའི་དགོངས་དོན་དངོས་འབེབས་བྱེད་པ་དང་། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་དེང་རབས་ནོར་སྲིད་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དེ་དགོས་གལ་ཆེ་བ་དང་འོས་ཤིང་འཚམ་པ་ཞིག་ཡིན་པར་སྙམ།

         ཚོགས་ཞུགས་མི་སྣས་སྲིད་འཛིན་དཔོན་པོའི་སྙན་ཞུ་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། སྙན་ཞུ་ལས་ཞང་ཀང་གི་སྤྱི་ཚོགས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད་པ་དང་དེ་ནི་འགན་འཁུར་ཞིང་དངོས་གཉེར་གྱི་སྙན་ཞུ་ཞིག་ཡིན་པར་སྙམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1