ཝུན་ཁྲོན་རྫོང་ཁེ་ཀུའུ་ཡུལ་ཚོར་སེའུ་འབྲུའི་ལོ་ལེགས་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-15


        ཝུན་ཁྲོན་གྱི་སེའུ་འབྲི་མངར་མོའི་མཚན་སྙན་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཡོད་ལ།མགྲོན་པོ་དག་ལ་མཐོ་སྒང་ཐོན་རྫས་ཀྱི་བྲོ་བར་རོལ་བའི་གོ་སྐབས་ཐོབ་པ་དང་།དུས་ཚིགས་ཀྱི་དབང་གིས་མིག་སྔར་སེའུ་འབྲི་མངར་མོ་སྨིན་པའི་དུས་སུ་སླེབས་ཡོད་པ་རེད།ཚོང་གཉེར་བྱེད་པའི་དུས་ཇེ་རིང་དུ་གཏོང་བའི་ཆེད་ས་དེའི་མང་ཚོགས་རྣམས་ཀྱིས་ཐབས་ལ་བརྟེན་ཏེ་སེའུ་འབྲི་མངར་མོའི་ཚེ་ཚད་ཇེ་རིང་དང་སྤུས་ཀ་མི་འགྱུར་བར་བྱས་ཡོད་པ་རེད།གསར་འགོད་པ་ནོར་འཛིན་ལྷ་མོས་བཤད་རྒྱུར།ད་ལྟ་ང་ཡོད་སའི་གནས་ནི་ཁེ་ཀུའུ་ཡུལ་ཚོ་ཀྲོའུ་གྲོང་ཚོ་ཡིན་ལ།ངའི་རྒྱབ་ཕྱོགས་ནི་སེའུ་འབྲི་མངར་མོའི་འདེབས་འཛུགས་ས་ཁུལ་རེད་ལ།ང་ཚོའི་མངོན་གསར་མཐོང་ཐུབ་པ་ནི་སེའུ་འབྲི་མངར་མོ་དག་འགྱིག་ཤོག་ཏུ་འཇུག་བཞིན་འདུག་ཟེར།

        སྣོད་དུ་བཅུག་པའི་སེའུ་འབྲི་མངར་མོ་ནི་ཐོན་རྫས་ཁྲོད་གྱི་མཆོག་དུ་གྱུར་བའི་མཆོག་ཟས་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་དུ་གྱུར་ཡོད།ལོ་ལེགས་བྱུང་བའི་སྐབས་འདིར་ཞིང་བ་རྣམས་ཀྱིས་སེའུ་འབྲི་མངར་མོ་འཐུ་བར་འགྲོ་བཞིན་ཡོད་ལ།སྣོད་དུ་བཅུག་པའི་སེའུ་འབྲི་མངར་མོ་བསིལ་རླུང་དང་ལྷན་དུ་གཡོ་བཞིན་འདུག་ལ་ཞིང་བ་རྣམས་ཀྱི་གདོང་ལ་ལོ་ལེགས་ཀྱི་འཛུམ་མདངས་རྒྱས་ནས་འདུགསྣོད་དུ་བཅུག་པས་དྲོད་འཛིན་ནུས་པ་འདོན་ཐུབ་ལ་སེའུ་འབྲི་མངར་མོ་ལ་དྲོད་ཚད་འོས་འཚམ་ཞིག་ལྡན་པ་མ་ཟད་མངར་ཚད་དང་གཟུགས་ཆེ་ཆུང་སོགས་སྤྱིར་བཏང་གི་ཐོན་རྫས་དང་བསྡུར་ན་ཁྱད་པ་ངེས་ཅན་ཡོད་པ་རེད།དེའི་སྔོན་དུ་སེའུ་འབྲི་མངར་མོའི་སྤུས་ཀ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་ནི་ཏང་ཨུད་སྲིད་གཞུང་གིས་དུས་རྒྱུན་དུ་སེམས་ཁུལ་བྱེད་པའི་གནད་དོན་ཡིན་ལ།ད་སྐབས་ཐབས་ལམ་མང་དག་བེད་སྤྱད་ནས་གསབ་སྦྱོང་དང་ལག་རྩལ་གྱི་སྣེ་ཁྲིད་སོགས་བྱས་ནས་སྔོན་གྱི་གནད་དོན་སེལ་ཡོད་པ་མ་ཟད་ཞིང་བ་རྣམ་པའི་ཚོང་གཉེར་དང་དོ་དམ་སོགས་ཀྱི་ཐད་ལ་མཐུན་རྐྱེན་བཟང་བོ་བསྐྲུན་པ་རེད།ད་ལོའི་ཝུན་ཁྲོན་ནས་སེའུ་འབྲི་མངར་མོའི་གཞི་རྒྱ་ཇེ་ཆེར་སོང་བ་དང་སྤུས་ཀ་སྔོན་དང་བསྡུར་ན་ཇེ་ལེགས་སུ་ཕྱིན་པས་ཞིང་བའི་ཡོང་སྒོ་ཇེ་བཟང་དུ་གྱུར་ཏེ་དབུལ་ཐར་སྲིད་ཇུས་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1