༄༅།། དམངས་དོན་གཏུག་བཤེར་སྦྲགས་པའི་ཉེས་དོན་གཏུག་བཤེར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19


        དམངས་དོན་གཏུག་བཤེར་སྦྲགས་པའི་ཉེས་དོན་གཏུག་བཤེར་ཞེས་པ་ནི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་དོན་གཏུག་བཤེར་བྱ་བའི་བརྒྱུད་རིམ་ནང་དུ་གྱོད་ཡར་ཉེས་དོན་འགན་འཁྲི་ཐག་གཅོད་བྱེད་པའི་དུས་མཚུངས། ཟུར་དུ་གྱོད་ཡའི་ཉེས་བསགས་བྱ་སྤྱོད་དབང་གིས་རྒྱུ་ནོར་གྱི་གྱོང་གུན་བཟོས་པར་གུན་གསབ་བྱ་རྒྱུའི་གནད་དོན་ཐག་གཅོད་བྱེད་པའི་གཏུག་བཤེར་བྱ་འགུལ་ལ་གོ་བ་ཡིན།
        གནོད་འཚེ་ཕོག་ཡུལ་ལ་གྱོད་ཡའི་ཉེས་བསགས་བྱ་སྤྱོད་དབང་གིས་རྒྱུ་ནོར་གྱོང་གུན་བཟོས་རིགས། ཉེས་དོན་གཏུག་བཤེར་གྱི་བརྒྱུད་རིམ་ནང་དུ་དམངས་དོན་གཏུག་བཤེར་སྦྲགས་མ་ཞུ་དབང་ཡོད། 
        གནོད་འཚེ་ཕོག་ཡུལ་གྲོངས་པའམ་ཡང་ན་བྱ་སྤྱོད་སྤེལ་ནུས་ཤོར་རིགས། གནོད་འཚེ་ཕོག་ཡུལ་གྱི་ཁྲིམས་བཅད་ངོ་ཚབ་པ་དང་། གཉེན་ཉེ་བཅས་ལ་དམངས་དོན་གཏུག་བཤེར་སྦྲཊ་མ་ཞུ་དབང་ཡོད། 
        གལ་ཏེ་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་། མཉམ་སྡེབ་ཀྱི་རྒྱུ་ནོར་ལ་གྱོང་གུན་ཕོག་ཚེ། མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱེད་སྐབས་དམངས་དོན་གཏུག་བཤེར་སྦྲཊ་མ་བྱེད་ཆོག 
        མི་དམངས་ཁྲིམས་ཁང་གིས་ཀྱང་དགོས་ངེས་ཀྱི་སྐབས་སུ་སྲུང་སྐྱོང་བྱེད་ཐབས་སྤྱད་དེ་གྱོད་ཡའི་རྒྱུ་ནོར་སྒོ་ཟམ་འཐེན་པ་དང་། བཙན་ཉར་རམ་བསྡམས་འཇོག་བཅས་བྱེད་ཆོག
        དམངས་དོན་སྦྲགས་མའི་གཏུག་བཤེར་ལ་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།
1、དམངས་དོན་སྦྲགས་མའི་གཏུག་བཤེར་བྱས་ན་ཉེས་དོན་གྱོད་གཞི་ཡང་དག་པར་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་།
2、དམངས་དོན་སྦྲགས་མའི་གཏུག་བཤེར་བྱས་ན་གནོད་འཚེ་ཕོག་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་ཕན་ཐོགས་ཡོད་པ། གལ་སྲིད་དམངས་དོན་སྦྲགས་མའི་གཏུག་བཤེར་ལམ་ལུགས་ལག་བསྟར་མ་བྱས་ན། གནོད་འཚེ་ཕོག་ཡུལ་གྱི་རྒྱུ་ནོར་གྱོང་གུན་དེ་ངེས་པར་དུ་ཉེས་དོན་གྱོད་གཞི་ཐག་གཅོད་བྱས་ཟིན་མཚམས་སླར་ཡང་དམངས་དོན་འདྲི་གཅོད་ཐིང་ལ་ཞུ་གཏུག་བྱ་དགོས། དེ་ལྟར་ན་དུས་འགྱངས་ཡུལ་འགྱུར་དབང་གིས་གྱོང་གུན་ཐད་ཀྱི་འབྲེལ་ཡོད་དོན་དངོས་བརྟག་དཔྱད་བྱ་དཀའ་བའམ་ཡང་ན་གྱོད་ཡས་རྒྱུ་ནོར་སྤོ་བསྒྱུར་སྦས་སྐུང་བྱས་ཏེ་གུན་གསབ་མངོན་འགྱུར་ཁག་པའི་གནད་དོན་བཅས་རྟག་ཏུ་ཐོན་བཞིན་ཡོད།
3、དམངས་དོན་སྦྲགས་མའི་གཏུག་བཤེར་བྱས་ན་རང་རྒྱལ་གྱི་དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ཡང་དག་པར་ལག་བསྟར་བྱ་རྒྱུར་ཕན་ཐོགས་ཡོད་པ། གྱོད་ཡས་རང་གི་ཉེས་བསགས་བྱ་སྤྱོད་ལ་བརྟེན་ནས་བཟོས་པའི་གྱོང་གུན་དེར་ངོས་འཛིན་ཇི་ལྟར་བྱེད་མིན་བརྟག་དཔྱད་བྱས་ཏེ་གྱོད་ཡར་གནོང་འགྱོད་ཡོད་མེད་དང་འགྱོད་བཤགས་ཀྱི་རྣམ་འགྱུར་ཡང་དག་མིན་བརྟག་རྒྱུ་དང་། གྱོད་ཡའི་མི་ལུས་གནོད་འཚེའི་རང་བཞིན་བཅས་བརྟག་རྒྱུར་ཕན་ཐོཊ་ཡོད། འདིས་ཉེས་ཆད་གཏན་འཁེལ་བྱེད་སྐབས་རང་རྒྱལ་གྱི་དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ལག་བསྟར་བྱ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
4、དམངས་དོན་སྦྲགས་མའི་གཏུག་བཤེར་བྱས་ན་གཏུག་བཤེར་གྱི་ནུས་ཁུངས་གྲོན་ཆུང་བྱ་རྒྱུར་ཕན་ཐོགས་དང་གཏུག་བཤེར་ནང་ཞུགས་མཁན་ལ་སྟབས་བདེ་བཅས་ཡོད་པ།
5、མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་ཀའི་གཅིག་གྱུར་དང་དབང་ཟིལ་སྲུང་སྐྱོང་བྱེད་རྒྱུར་ཕན་ཐོགས་ཡོད་པ། ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་གྱི་ནང་དུ་དམངས་དོན་གུན་གསབ་ཀྱི་གནད་དོན་མཉམ་དུ་ཐག་གཅོད་བྱེད་པ་དེས་ཉེས་དོན་འདྲི་གཅོད་ཐིང་དང་དམངས་དོན་འདྲི་གཅོད་ཐིང་གཉིས་ནས་སོ་སོར་ཉེས་དོན་དང་དམངས་དོན་གྱི་གནད་དོན་ཐག་གཅོད་བྱ་སྐབས་གྱོད་དོན་གཅིག་ལ་ནང་འགལ་ཅན་གྱི་ཁྲུན་ཐག་གཅོད་སྲིད་པའི་གནད་དོན་མི་ལྷག་པར་ཕན་ཐོགས་འབྱུང་ཞིང་། དེ་ནས་ཁྲིམས་ཁང་གི་ཁྲུན་གཅོད་ཀྱི་དབང་ཟིལ་ཡང་སྲུང་བར་ངེས་སོ། 
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1