ཁྲོན་བོད་གློག་དྲྭ་སྦྲེལ་བའི་ཨར་ལས་མཇུག་བསྒྲིལ་གྲབས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-29



 

    

     མིག་སྔར་ཁྲོན་བོད་གློག་དྲྭ་སྦྲེལ་བའི་ཨར་ལས་མཇུག་བསྒྲིལ་གྲབས་ཡོད་ཅིང་ཐོན་སྐྱེད་བྱེད་འགོ་ཚུགས་པའི་དུས་ཚོད་ལྡོག་བརྩིས་བྱེད་པའི་དུས་རིམ་ལ་བསླེབས་པས་ལོ་མཇུག་ནང་ཚུད་དུ་ལེགས་གྲུབ་བྱུང་སྟེ་བེད་སྤྱོད་བྱེད་ཆོག

     ད་ལོའི་ལོ་མཇུག་ཏུ་དཀར་མཛེས་ཁུལ་གྱི་གློག་ཤུགས་མཁའ་ལམ་ཨར་ལས་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་བརྒྱ་ཆ་95ཡན་ལ་ཟིན་པ་དང་། གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ཡང་དུས་བཀག་གི་སྔོན་དུ་འགྲུབ་ནས་དཀར་མཛེས་ཁུལ་དུ་བདེ་སྐྱིད་ཀྱི་གློག་ཤུགས་མཁའ་ལམ་ཞིག་ཆགས་བཞིན་ཡོད།   རྒྱལ་ཁབ་གློག་དྲྭ་སི་ཁྲོན་གློག་ཤུགས་སྤྱི་གཉེར་ཁང་དཀར་མཛེས་ཁུལ་དུ་བཅའ་སྡོད་བྱས་རྗེས། 2012ལོའི་ཟླ་9པའི་ཚེས་19ཉིན། མ་དངུལ་སྒོར་དུང་ཕྱུར་32.15བཏང་ནས་ར་རྔ་ཁ་ནས་དཀར་མཛེས། སེར་ཤུལ་བར་གྱི་གློག་དྲྭ་སྦྲེལ་བའི་ཨར་ལས་ལོ་དེར་འཛུགས་སྐྲུན་དུས་ཡུན་ལོ་གཅིག་ལས་མི་དགོས་པར་ལེགས་གྲུབ་བྱུང་ནས་དཀར་མཛེས་ཁུལ་བྱང་རྒྱུད་ས་ཁུལ་གྱི་གློག་དྲྭ་སྤྱི་ཁོག་ཆགས་ཡོད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1