མི་རིགས་སློབ་ཆེན་རྫུན་མ་ཞིག་བྱུང་ཡོད་པས་མཐོ་རྒྱུཊ་ལ་ཞུགས་མཁན་ཚོས་གཟབ་རོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-25


        ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་(北京民族大学)ཞེས་པ་དང་ཁེ་ལས་ཤིག་གཉིས་ཀྱིས་མཉམ་འབྲེལ་ངང་བཙུགས་པའི་པེ་ཅིང་མི་རིགས་བཟོ་རྩལ་སློབ་གླིང་(北京民族工艺学院)ཞེས་པས་ཉེ་ལམ་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ཁག་ཅིག་ལ་འཕྲིན་ཐུང་སོགས་བསྐུར་ནས་སློབ་གྲྭ་དེར་ཞུགས་པར་སྐུལ་སློང་དང་། སློབ་གྲྭ་དེའི་མཐར་ཕྱིན་དཔང་ཡིག་ནི་རྒྱལ་ཁབ་ཀྱིས་ཁས་ལེན་པའི་དཔང་ཡིག་ཡིན་པ། དེ་བཞིན་སློབ་གྲྭ་དེར་ཞུགས་པར་སྐར་གྲངས་མཐོན་པོ་མི་དགོས་ཚུལ་སོགས་བརྗོད་ནས་སློབ་མ་ཁག་ཅིག་ལ་མགོ་སྐོར་གཏོང་བཞིན་ཡོད།

        གསར་འགོད་པས་པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སློབ་གྲྭ་དེ་ནི་དམངས་གཉེར་སློབ་གྲྭ་ཞིག་ཡིན་པ་དང་། སློབ་གྲྭ་དེའི་མཐར་ཕྱིན་དཔང་ཡིག་སོགས་རྒྱལ་ཁབ་ཀྱིས་ཁས་ལེན་གྱི་མེད་པས་སློབ་གྲྭ་དེའི་སློབ་བསྡུའི་འཕྲིན་ཐུང་ངམ་བརྡ་ཐོ་སོགས་འབྱོར་ན་ངེས་པར་གཟབ་དགོས་སོ།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1