༄༅།། འགྲིམ་འགྲུལ་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 06-25


        དྲ་གྲོགས། འགྲིམ་འགྲུལ་ཉེན་རྟོག་དཔོན་ལགས་སྐུ་ཁམས་བཟང། ས་ཆ་གཞན་ནས་སླེབས་པའི་ཟོག་འདྲེན་རླངས་འཁོར་ཆུང་གྲས་ལྷ་སར་བེད་མེད་གཏོང་དགོས་ཚེ་འགྲོ་ལུགས་གང་དག་གཉེར་དགོས་སམ། དེ་སྔོན་ཉང་བྲན་ཤང་གི་རླངས་འཁོར་བེད་མེད་གཏོང་ས་གང་དུ་སྤོས་པ་ཡིན་ནམ། དེ་སྔའི་ཁ་པར་འགྲོ་ཡི་མི་འདུག་པས། ཁ་པར་ཨང་གྲངས་ག་ཚོད་ཡིན་ནམ། 

        འགྲིམ་འགྲུལ་ཉེན་རྟོག་དཔོན། གྲོགས་པོ་ལགས། དེ་སྔོན་ཉང་བྲན་ཤང་དུ་ཡོད་པ་དེ་རླངས་འཁོར་དོ་དམ་སུའོ་ཡིན་པ་ལས་རླངས་འཁོར་བེད་མེད་གཏོང་ས་མ་རེད། རླངས་འཁོར་བེད་མེད་གཏོང་དགོས་ཚེ། ཐད་ཀར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་གི་འཕྲུལ་སྒུལ་འཁོར་རིགས་ཚུར་བསྡུ་བེད་མེད་གཏོང་སར་འགྲོ་དགོས། 
        དྲ་གྲོགས། འགྲིམ་འགྲུལ་ཉེན་རྟོག་དཔོན་ལགས། སྐུ་ཁམས་བཟང་། ངའི་ཁ་ལོ་བའི་ལག་ཁྱེར་A2ནས་Cལ་བསྒྱུར་ན་འགྲིག་གི་ཡོད་དམ། 
        འགྲིམ་འགྲུལ་ཉེན་རྟོག་དཔོན། སྐུ་ཁམས་བཟང་། འགྲིག་གི་རེད། སོ་སོའི་ཐོབ་ཐང་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་ཁྱེར་ནས་འཁོར་རིགས་དོ་དམ་སུའོ་རུ་ཕྱིན་ཏེ་རེ་ཞུའི་རེའུ་མིག་བྲིས་ན་འགྲིག་གི་རེད།
        དྲ་གྲོགས། འགྲིམ་འགྲུལ་ཉེན་རྟོག་དཔོན་ལགས། སྐུ་ཁམས་བཟང་། ང་ལ་ལྷ་སའི་འཁོར་རྟགས་ཀྱི་རླངས་འཁོར་ཞིག་ཡོད། ཟླ་བ་དགུ་པར་ཞིབ་བཤེར་བྱེད་དགོས་ཀྱི་འདུག  འོན་ཀྱང་ལས་ཀས་རྐྱེན་པས་ང་རང་མངའ་རིས་ལ་ཡོད་པས།  མངའ་རིས་འཁོར་རིགས་དོ་དམ་སུའོ་ནས་ཞིབ་བཤེར་བྱས་ན་འགྲིག་གི་རེད་དམ། 
        འགྲིམ་འགྲུལ་ཉེན་རྟོག་དཔོན། སྐུ་ཁམས་བཟང་། འགྲིག་གི་རེད།  ཞིང་ཆེན་ནང་ཁུལ་དུ་ཞིབ་བཤེར་བྱེད་པར་ཞིབ་བཤེར་མངགས་བཅོལ་ཡི་གེ་འབྲི་དགོས་མེད། 
        དྲ་གྲོགས། འགྲིམ་འགྲུལ་ཉེན་རྟོག་དཔོན་ལགས་སྐུ་ཁམས་བཟང་། རླངས་འཁོར་ཞིབ་བཤེར་བྱེད་དགོས་ཚེ་ཟླ་ག་ཚོད་ཀྱི་སྔོན་ལ་བྱས་ན་འགྲིག་གམ། 
        འགྲིམ་འགྲུལ་ཉེན་རྟོག་དཔོན། སྐུ་ཁམས་བཟང་།  ཟླ་བ་གསུམ་གྱི་སྔོན་ལ་བྱས་ན་འགྲིག་གི་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1