༄༅།། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་གྱི་ངོ་བོ་ཅི་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-26


        དེ་ཡང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བརྒྱབ་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》གསར་པའི་ནང་དུ་འདི་ལྟར་བཀོད་ཡོད་དེ།

        ཏང་གི་ལས་བྱེད་པ་ནི་ཏང་གི་བྱ་གཞག་གི་རྐང་འཛིན་པ་དང་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས། བློ་དཀར་སྤྱོད་གཙང་དང་འགན་འཁུར་ཕོད་པ་བྱེད་ཐུབ་དགོས། ཏང་གིས་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་ལ་འཛིན་པའི་རྩ་དོན་ལ་གཞིགས་ནས་ལས་བྱེད་པ་གདམ་གསེས་བྱ་རྒྱུ་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས། བྱ་གཞག་སྔོན་དུ་འཇོག་པ་དང་གཞུང་དྲང་ཚུལ་མཐུན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།རང་གི་དགའ་ཉེ་ཁོ་ན་བསྐོ་འཇོག་བྱེད་པར་ངོ་རྒོལ་བྱས་ཐོག ལས་བྱེད་པའི་དཔུང་སྡེ་གསར་བརྗེ་ཅན་དང་། ན་གཞོན་ཅན། ཤེས་ཡོན་ཅན། ཆེད་ལས་ཅན་བཅས་སུ་འགྱུར་བར་འབད་བརྩོན་བྱེད་དགོས།

        ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ནི་གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས་ལྡན་པའི་ཀྲུང་གོའི་བཟོ་པ་གྲལ་རིམ་གྱི་གདོང་ལེན་འཐབ་འཛིང་པ་ཡིན།
        ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་གྱིས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། རང་ཉིད་ཀྱི་ཡོད་ཚད་ཕངས་སེམས་ཅི་ཡང་མེད་པར་བློས་བཏང་ནས། གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བའི་ཆེད་དུ་ཚེ་གང་པོར་འབད་བརྩོན་བྱེད་དགོས།
        ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ནི་དུས་ནམ་ཡང་ངལ་རྩོལ་མི་དམངས་ཀྱི་ཁོངས་མི་དཀྱུས་མ་ཞིག་ཡིན། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་འབེབས་ཁྱབ་ཁོངས་སུ་ཚུད་པའི་མི་སྒེར་གྱི་ཁེ་ཕན་དང་ལས་ཀའི་འགན་དབང་ཕུད་པ་ལས་གཞན། གུང་ཁྲན་ཏང་ཡོན་སུ་ཞིག་གིས་ཀྱང་སྒེར་གྱི་ཁེ་ཕན་དང་དམིགས་བསལ་གྱི་དབང་ཆ་གང་ཡང་ཐོབ་སྙེག་ཧམ་གཉེར་བྱེད་མི་ཆོག ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ནི་ནམ་ཡང་དྭངས་གཙང་བསླུ་བ་མེད་པ་ཞིག་བྱེད་དགོས། འདི་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་གྱི་ངོ་བོ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1