བོད་ལྗོངས་ཉིང་ཁྲི་འདོང་རོ་གྲོང་ཚོས་སྣོད་བཅུད་གླིང་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-29


       འདོང་རོ་གྲོང་ཚོ་ནི་སྤོ་བོ་རྫོང་མཁར་དང་འབྲེལ་བ་དང་བོད་ལྗོངས་སུ་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་གཙོ་བོ་རྒྱལ་ལམ་318དུ་གནས་ཡོད། 2017ལོའི་ཟླ་9པར་གྲོང་ཚོ་ཡོངས་ཀྱི་དུད་ཚང་50ཡི་མི་གྲངས་240ཡིས་མ་དངུལ་གྲབས་གསོག་བྱས་ནས་མ་རྐང་ནང་ཞུགས་ཏེ་ཡུལ་དེའི་སྣོད་བཅུད་བཟང་བའི་ཤིང་འབྲས་འཐུ་བའི་་གླིང་དང་པོ་དེ་བསྐྲུན་པ་རེད།  སྣོད་བཅུད་གླིང་དེས“ཞིང་དུད་+སྣོད་བཅུད་གླིང་+ཀུང་སི”ཡི་གཉེར་སྐྱོང་བྱ་ཐབས་སྤྱད་དེ་གླིང་དུ་སྐྱེ་ལྡན་འབྲི་ཏ་ས་འཛིན་དང་ཤིས་ཀྭ་སོགས་དཔལ་འབྱོར་ལོ་ཏོག་བཏབ་པས་གྲོང་ཁུལ་གྱི་གྲོང་མི་དང་རང་འཁོར་བཏང་ནས་སླེབས་པའི་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་ནས་དེ་གར་ཤིང་འབྲས་འཐུ་བར་ཡོང་བ་མ་ཟད། བཏུས་པའི་ཤིང་འབྲས་ལྷག་འཕྲོ་རྣམས་ས་གནས་ཀྱི་མུ་འབྲེལ་སྒོ་རྩིས་ཚོང་ཁང་ལ་གཅིག་གྱུར་ཐོག་བཙོངས་པར་ལོ་ཕྱེད་ནང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3000ཙམ་བྱུང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1