ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

ཡེ་མགོན་དང་མཁས་གྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-02



ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེན་ཆིང་ཧྭ་ཡིས་གསུང་བཤད་གནང་བཞིན་པ།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་ར།
     ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་རབ་དང་རིམ་པའི་གལ་ཆེའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཤིང་། 《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་རབ་དང་རིམ་པའི་གལ་ཆེའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པའི་སྐོར་གྱི་ཆོད་དོན།》དང《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བའི་སྐོར་གྱི་ཆོད་དོན།》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད།
     ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།
     (2018ལོའི་སྤྱི་ཟླ6པའི་ཚེས30ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ།)
     2018ལོའི་སྤྱི་ཟླ6པའི་ཚེས30ཉིན། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཁྲེན་ཏུའུ་རུ་འཚོགས་པ་རེད།
     ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཏང་ཨུའི་ཨུ་ཡོན84དང་། ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན17ཞུགས་པ་རེད། ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་ཁ་ཤས་ཀྱང་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད།
     ཚང་འཛོམས་གྲོས་ཚོགས་ནི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེན་ཆིང་ཧྭ་ཡིས་གསུང་བཤད་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་རབ་དང་རིམ་པའི་གལ་ཆེའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ལག་ལེན་བྱས་པ།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་དོན་འཁྱོལ་དང་། ཕེན་ཆིང་ཧྭ་ཡིས་ཞིང་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ཉན་པ་དང་གྲོས་བསྡུར་བྱས་པ། 《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་རབ་དང་རིམ་པའི་གལ་ཆེའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པའི་སྐོར་གྱི་ཆོད་དོན།》དང《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བའི་སྐོར་གྱི་ཆོད་དོན།》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ།ཕེན་ཆིང་ཧྭ་ཡིས《ཆོད་དོན(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།
     ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་ནས་བཟུང་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཐད་ཁས་ལེན་གང་ལེགས་ཐོབ་པ་རེད།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཏན་ཏིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བཅས་དམ་འཛིན་བྱེད་པ།“སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོ”ཡི་བྱེད་སྒོ་སྒྲིག་འཛུགས་བྱས་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དམ་པ་དོན་གཉེར་དང་འགག་སྒྲོལ་དཀའ་སེལ་བྱས་ནས་གཅིག་གྱུར་འཆར་འགོད་ཀྱིས་ཡོང་བབ་བརྟན་འཕར་དང་བསྒྱུར་བཅོས་སྐུལ་སྤེལ། སྒྲིག་གཞི་ལེགས་སྒྲིག   དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག་བཅས་ཕྱོགས་གང་ཅིའི་ལས་དོན་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
     ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུངས་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དེ་ང་ཚོའི་ཏང་གིས་དུས་ཡུན་རིང་པོར་ངེས་པར་རྒྱུན་འཁྱོངས་བྱ་དགོས་པའི་སློབ་སྟོན་བསམ་བློ་རུ་གཏན་ཁེལ་བྱས་པ་དང་། དེས་ཏང་གི་སློབ་སྟོན་དགོངས་པར་ཡང་བསྐྱར་དུས་བསྟུན་མདུན་སྐྱོད་ཐེངས་གཅིག་བྱེད་པ་མངོན་འགྱུར་བྱུང་བ་དང་། དེ་ནི་ང་ཚོའི་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ནི་དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་ཡིན་ཞིང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སྣེ་ཁྲིད་བྱེད་པའི་རྩ་འཛིན་དང་དར་ཆ།བླ་སྲོག་ལྟ་བུ་ཡིན་ལ། དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག“ཀྲུང་གོའི་སྐོར་གྱི་དྲི་བ”དང“དུས་རབས་སྐོར་གྱི་དྲི་བ” “མི་དམངས་སྐོར་གྱི་དྲི་བ” “སྲིད་སྐྱོང་སྐོར་གྱི་དྲི་བ”བཅས་ལ་གཏིང་ཟབ་པའི་སྒོ་ནས་ལན་བཏབ་པ་དང་། དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་གི་གནད་དོན་ཐག་གཅོད་བྱེད་པར་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་ཞིག་འདོན་སྤྲོད་བྱས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཡག་པོར་བསྒྲུབ་པར་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་། མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་རབ་དང་རིམ་པ་འདི་དག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆེན་པོ་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དེ་སི་ཁྲོན་དུ་གསོན་ཉམས་ལྡན་པའི་ངང་ལག་ལེན་བསྟར་བར་རྩ་བ་ཚུགས་པ་དང་། སི་ཁྲོན་བཅོས་སྐྱོང་དར་སྤེལ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བརྗོད་གཞི་གཙོ་གནད་དུ་འཛིན་པ་སྟེ།སི་ཁྲོན་བཅོས་སྐྱོང་དར་སྤེལ་བྱེད་པར་དུས་རབས་ཀྱི་ཁ་ཕྱོགས་འགོད་པ་དང་།སྤྱིའི་བླང་བྱ་བཏོན་པ།འཐབ་ཇུས་ཀྱི་འཆར་འགོད་བྱེད་པ། ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་བ་དང་མཛེས་སྡུག་ལྡན་པའི་ཕུགས་འདུན་བཅས་མཚོན་པར་བྱས་ཡོད།འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སི་ཁྲོན་བཅོས་སྐྱོང་དར་སྤེལ་བྱེད་པར་ཆེས་གསལ་བ་དང་། ཆེས་ཆ་ཚང་བ། ཆེས་གནད་དུ་སྨིན་པའི་ངེས་གནས་ཞིག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་དངོས་ཡོད་གནས་ཚུལ་དང་འཚམ་པའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་པོ་གནང་བ་དང་།དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི“སི་ཁྲོན་གྱི་ལེའུ”ཡིན་ལ།སི་ཁྲོན་བཅོས་སྐྱོང་དར་སྤེལ་བྱེད་པར་མཛུབ་སྟོན་ལག་ལེན་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ལྡན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་“སི་ཁྲོན་གྱི་ལེའུ”ཡི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དེ་སི་ཁྲོན་གྱི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། གྲུབ་འབྲས་སྨིན་པར་བྱེད་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་འཕེལ་རྒྱས་ཁྲོད་གལ་ཆེའི་གོ་གནས་བཟུང་ཡོད”ཅེས་པ་དང“འགོ་འཛུགས་ས་གསར་པའི་ཐོག་ཏུ་ལངས་ཡོད”ཅེས་པ་སོགས་གལ་ཆེའི་མཛུབ་སྟོན་སྐོར་ལ་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་དང་། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ལ་དམ་པོར་གཞིགས་ཏེ་དུས་རབས་གསར་པའི་ལག་ལེན་དངོས་ཀྱི་བླང་བྱ་གསར་པར་དམིགས་པ་དང་། དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་གཞིགས་ཏེ་སྤུས་ཚད་མཐོ་བའི་བསྒྱུར་བཅོས་དང་ལས་ཆོད་མཐོ་བའི་བསྒྱུར་བཅོས། སྒུལ་ཤུགས་ཡོད་པའི་བསྒྱུར་བཅོས་བཅས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མ་ལག་གསར་པ་འཛུགས་དགོས།ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་པར་དམིགས་ནས། གནད་གཅིག་ཕྱོགས་མང་གི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བྱས་ཏེ་གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་བྱས་པའི་ས་ཁོངས་འཕེལ་རྒྱས་ཀྱི་ཆགས་ཚུལ་གསར་པ་འཛུགས་སྐྱོང་བྱེད་དགོས།ཕྱོགས་ཡོངས་ནས་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་ཆུ་ཚད་ཇེ་མཐོཪ་གཏོང་བར་དམིགས་ནས།ཕྱོགས་བཞིར་རྒྱ་སྐྱེད་དང་ས་ཁོངས་ཡོངས་སུ་སྒོ་འབྱེད་པར་སྐུལ་འདེད་བྱས་ཏེ་ཕྱོགས་ཡོངས་ནས་སྒོ་འབྱེད་རྣམ་པ་གསར་པ་ཞིག་ཏུ་གྲུབ་པར་བྱེད་དགོས།བསྒྱུར་བཅོས་དང་གསར་གཏོད་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བྱེད་པར་དམིགས་ནས། སྲིད་ཇུས་ཀྱི་ཁོར་ཡུག་དང་ཁྲོམ་རའི་ཁོར་ཡུག   ཁྲིམས་སྐྱོང་ཁོར་ཡུག  མི་ཆོས་ཁོར་ཡུག   སྐྱེ་ཁམས་ཁོར་ཡུག་བཅས་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ནས་ཁོར་ཡུག་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་གཏོད་རྒྱུ།
     མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར།བདེ་འཇགས་ཀྱི་སེམས་ཚོར་ཇེ་མཐོར་གཏོང་བར་དམིགས་ནས།བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་དང་། མཉམ་སྐྲུན་མཉམ་སྤྱོད་མཉམ་བཅོས་ཀྱི་རྣམ་པ་གསར་པ་གཏོད་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“སི་ཁྲོན་བཅོས་སྐྱོང་དར་སྤེལ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ”དང་“སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ”སོགས་ཀྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་ནས། གཏིང་ཟབ་པའི་སྒོས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་སྤྱིའི་བླང་བྱར་གཞིགས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་རང་རྟོགས་ངང་ལག་ལེན་བསྟར་བ་དང་། བློ་ཐག་རྦད་བཅད་ཀྱིས“ཤུགས་རྒྱག་ས་ལྔ” ཡི་བླང་བྱ་གལ་ཆེན་ལག་ལེན་བསྟར་བ། “ཕྱོགས་ལྔ་གཞི་གཅིག” གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི” ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད། མི་དམངས་ཀྱི་འཚོ་བའི་ཆུ་ཚད།རིག་གནས་དར་རྒྱས་གོང་འཕེལ། དེང་རབས་ཀྱི་བཅོས་སྐྱོང་ནུས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་ལ་སྐུལ་འདེད་བཏང་སྟེ། ཏང་གི་འཛུགས་སྐྲུན་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཛེགས་པར་བྱེད་དགོས།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་དང་ཕན་འབྲས་དམིགས་བཀར་རྒྱུན་འཁྱོངས་བྱེད་དགོས། མཐའ་གཅིག་ཏུ“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་རྒྱུ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤུགས་ཆེན་པོས་ཐོན་ལས་མ་ལག་མི་ལེགས་པ་དང་། ཚོང་རའི་ལམ་སྲོལ་འཁྲུག་པོ་མ་ཡིན་པ། མཐུན་སྦྱོར་འཕེལ་རྒྱས་འགྲོ་ཚད་མི་འདང་བ་དང་། སྒོ་མོ་འབྱེད་ཚད་ཟབ་མོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། དངོས་གཞིའི་དཔལ་འབྱོར་དང་ཚན་རྩལ་གསར་གཏོད། དེང་རབས་ཀྱི་དངུལ་རྩ། མི་ཤུགས་ཐོན་ཁུངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་འཛུགས་པར་བྱས་ཏེ་ཚོང་རའི་ནང་རྐྱེན་ལ་ལས་ཆོད་ཡོད་པ་དང་བྱེ་བྲག་གི་གཙོ་གནད་ལ་གསོན་ཤུགས་ལྡན་པ། སྤྱི་ཁོག་ཚོད་འཛིན་ཚད་ཡོད་པའི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱས་ཏེ། དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་གནས་འདི་དམ་པོར་བཟུང་དགོས།”ཞེས་པ་དང“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བ།”སོགས་གལ་ཆེའི་མཛུབ་སྟོན་སྐོར་ལ་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། གཏིང་ཟབ་པའི་སྒོས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་ལས་འགན་ཨང་དང་པོ་རྟོགས་པར་བྱས་ཏེ། ནུས་ཤུགས་ཆེན་པོས་གནད་གཅིག་ཕྱོགས་མང་གི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བྱས་ཏེ་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་བྱས་པའི་ས་ཁོངས་འཕེལ་རྒྱས་ཀྱི་ཆགས་ཚུལ་གསར་པ་འཛུགས་སྐྱོང་བྱེད་དགོས། “གནད་གཅིག”སྟོབས་ལྡན་དུ་འཕེལ་བར་བྱེད་དགོས་ཏེ།ཁྲེན་ཏུའུ་ཡི་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པར་བྱེད་པའི་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།“ཕྱོགས་མང”འཕེལ་རྒྱས་གཏོང་དགོས་ཏེ། ཁྱད་ཆོས་ལྡན་པའི་ས་ཁོངས་ཀྱི་དཔལ་འབྱོར་ཁུལ་ཁག་འཛུགས་སྐྲུན་བྱེད་དགོས་ལ། ཁྲེན་ཏུའུ་ཡི་མཐའ་སྐོར་གྱི་དཔལ་འབྱོར་ཁུལ་དང་སི་ཁྲོན་ལྷོ་ཕྱོགས་དཔལ་འབྱོར་ཁུལ། སི་ཁྲོན་བྱང་ཤར་དཔལ་འབྱོར་ཁུལ། ཕན་ཀྲི་ཧྭའི་ནུབ་རྒྱུད་དཔལ་འབྱོར་ཁུལ་བཅས་ཀྱི་འཕེལ་རྒྱས་སྐུལ་འདེད་བྱས་ཏེ།སི་ཁྲོན་གྱི་ས་ཁོངས་འཕེལ་རྒྱས་འདེགས་སྐྱོར་བྱེད་པའི་རྣམ་པ་ཆགས་པར་བྱེད་དགོས། ཤུགས་ཆེན་པོས“ས་ཁུལ་ལྔ་མཐུན་སྦྱོར་བྱས་པ” ལ་སྐུལ་འདེད་གཏོང་དགོས།ཁྲེན་ཏུའུ་ཀླུང་ཐང་གི་དཔལ་འབྱོར་ཁུལ་དང་སི་ཁྲོན་ལྷོ་ཕྱོགས་དཔལ་འབྱོར་ཁུལ། སི་ཁྲོན་བྱང་ཤར་དཔལ་འབྱོར་ཁུལ། ཕན་ཀྲི་ཧྭའི་ནུབ་རྒྱུད་དཔལ་འབྱོར་ཁུལ་དང་སི་ཁྲོན་ནུབ་བྱང་གི་སྣོད་བཅུད་དཔེ་སྟོན་ཁུལ་མཐུན་སྦྱོར་འཕེལ་རྒྱས་སྐུལ་འདེད་གཏོང་དགོས། ཁྲེན་ཏུའུ་དང་ཁྲེན་ཏུའུ་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “ཁུལ་གསུམ”དང་ནང་སའི་བར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་ནང་ཁུལ་གྱི་གྲོང་ཁྱེར(ཁུལ)ཁག་བར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་པ་དང་། ཐོན་ལས་བཀོད་སྒྲིག་བྱེད་ཚུལ་དང་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དཔལ་འབྱོར་ས་ཁུལ་དང་གྲོང་ཁྱེར་ཁྱུ་ཚོགས་གཅིག་གྱུར་གྱིས་ཀྱི་འཆར་འགོད་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལྟེ་གནས་ཕལ་པའི་རིགས་སུ་བརྩོན་ལེན་བྱས་ནས་སྐུལ་སློང་དང་རྒྱབ་སྐྱོར་བྱ་རྒྱུ།སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤར་མགྱོགས་སུ་གཏོང་བ་དང་། ཧུར་ཐག་གིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་དགོས། གློག་རྡུལ་ཆ་འཕྲིན་དང་ཟས་རིགས་བཏུང་ཆུ། སྔོན་ཐོན་གྱི་རྒྱུ་ཆ། ནུས་ཁུངས་རྫས་འགྱུར་བཟོ་ལས་སོགས་སྒོར་དུང་ཕྱུར་ཁྲི་ཕྲག་རིམ་པའི་ཐོན་ལས་སྲོག་ཤིང་གཙོ་གནད་དུ་བཟུང་ནས་སྐྱེད་སྲིང་བྱེད་དགོས།གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་། སི་ཁྲོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པར་བྱེད་དགོས། “གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་བྱས་པ”ཡི་འཕེལ་རྒྱས་འགོ་ཁྲིད་སྒྲིག་སྲོལ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་པར་བྱེད་དགོས།ས་ཁོངས་བགོས་ནས་ཧེ་བག་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་གཏན་འབེབས་དང་། ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཕན་ཚུན་དགེ་མཚན་གསབ་རེས་དང་མཉམ་ལས་མཉམ་རྒྱལ་གྱི་ས་ཁོངས་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་པར་བྱེད་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏིག་གིས་གསར་སྐྲུན་གསར་གཏོད་དང་དམག་དམངས་མཉམ་འདྲེས་བྱས་ནས་འཕེལ་རྒྱས་ཟབ་མོ་གཏང་རྒྱུའི་བྱ་བ་ཆེན་པོ་ལ་སོགས་པའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་སློབ་སྦྱོང་དང་ལག་ལེན་བྱས་ཏེ་དུས་རབས་གསར་པའི་ནང་སི་ཁྲོན་དར་སྤེལ་གཏང་རྒྱུའི་རྩ་བའི་སྒུལ་ཤུགས་ཁོང་དུ་ཟབ་མོ་ཆུད་དེ་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏང་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱས་ཏེ་ཞིང་ལས་དང་ཞིང་སྡེ།རྒྱལ་དབང་རྒྱུ་ནོར་ཁེ་ལས། སྲིད་འཛིན་དོ་དམ་སྒྲིག་སྲོལ། གློག་ཤུགས་སྒྲིག་སྲོལ་སོགས་གལ་ཆེ་བའི་ཁྱབ་ཁོངས་དང་འགག་རྩའི་གཙོ་གནད་བཅོས་བསྒྱུར་ཐད་གཏོད་བརྒལ་ཡོད་པ་བྱ་དགོས། ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་གཏོད་བྱས་ཏེ་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་གྱི་ཚོད་ལྟའི་ལས་འགན་སྤུས་ཀ་ཡག་པོས་གྲུབ་པ་བྱས་མཐར། རྒྱལ་ཁབ་ཀྱི་འཕེལ་རྒྱས་སྒུལ་ཤུགས་སྔོན་དུ་སྤེལ་མཁན་གྱི་ཞིང་ཆེན་འཛུགས་སྐྱོང་བྱ་དགོས། ཏན་ཏིག་གིས་དམག་དམངས་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་ཟབ་མོ་བཏང་ནས་རྒྱལ་ཁབ་ཀྱི་དམག་དམངས་མཉམ་འདྲེས་བྱེད་པའི་དཔེར་སྟོན་ཁུལ་འཛུགས་སྐྱོང་བྱ་དགོས། ཤེས་ཡོན་མི་སྣ་འཕེལ་རྒྱས་གཏང་རྒྱུའི་སྒྲིག་སྲོལ་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ཡོན་མི་སྣའི་བློ་རིག་འཇོན་ནུས་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་འཛམ་གླིང་ཡོངས་ལ་སྒོ་འབྱེད་པའི་ཆགས་ཚུལ་འཛུགས་སྐྱོང་དང་ནུབ་རྒྱུད་ས་ཁུལ་ཁྱོན་ཡོངས་ནས་གསར་སྦོལ་སྒོ་འབྱེད་བྱེད་མཁན་གྱི་མདུན་གྲས་སུ་སྐྱོད་གང་ཐུབ་བྱ་རྒྱུ་ལ་སོགས་པའི་སྐོར་གྱི་གལ་ཆེ་བའི་མཛུབ་སྟོན་སློབ་སྦྱོང་དང་ལག་ལེན་བྱས་ནས་དུས་རབས་གསར་པའི་ནང་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏོང་བའི་སྒོ་འབྱེད་ཆགས་ཚུལ་ཁོང་དུ་ཟབ་མོ་ཆུད་པ་དང་། ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་སྒོ་འབྱེད་མཉམ་ལས་ཀྱི་འཐབ་ཇུས་ལག་ལེན་བྱས་ཏེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྱོང་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཡུལ་འཕེལ་རྒྱས། རེས་གསར་པའི་ནུབ་རྒྱུད་གསར་སྦོལ་སྒོ་འབྱེད་ལ་སོགས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་འདྲེས་ཟབ་མོ་བྱས་མཐར། ནུབ་རྒྱུད་དམིགས་སུ་ཐོན་པ། ཤར་རྒྱུད་མཐོར་འདེགས་གཏོང་བ།ལྷོ་རྒྱུད་ཟབ་ཏུ་སྤེལ་བ། བྱང་རྒྱད་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཕྱོགས་བཞིར་རྒྱ་སྐྱེད་དང་ས་ཁོངས་ཧྲིལ་པོ་སྒོ་འབྱེད་པའི་འཛམ་གླིང་ཡོངས་ལ་ཁྱོན་ཡོངས་ནས་སྒོ་འབྱེད་པའི་གནས་བབ་གསར་པ་གྲུབ་པ་བྱ་དགོས། ནུས་ཤུགས་ཡོད་རྒུས་འབུར་གཟུགས་རྣམ་པའི་འགྲིམ་འགྲུལ་གྱིས་གཙོ་གནད་བྱེད་པའི་སྒོ་འབྱེད་ཀྱི་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལོ་གསུམ་གྱི་བྱ་སྤྱོད་འཆར་འགོད་གཅིག་གྱུར་གྱིས་ལག་ལེན་བྱས་པར་བརྟེན། དམངས་སྤྱོད་མཁའ་ལམ་གྱི་འགག་རྩའི་ལས་གྲྭ་སྟོབས་ལྡན་དང་ལྕགས་ལམ་འཕེལ་རྒྱས་ཇེ་མགྱོགས། གཞུང་ལམ་དྲ་བ་རིམ་སྤར། ནང་ལོགས་ཆུ་བོའི་ཐོག་སྐྱེལ་འདྲེན་བྱེད་ནུས་ཇེ་དྲག་ཏུ་གཏང་དགོས། སི་ཁྲོན་ཕྱི་རོལ་དུ་འགྲོ་སའི་མྱུར་བགྲོད་ལྕགས་ལམ་དང་རྒྱལ་སྤྱིའི་མཁའ་ལམ་གྱི་འགག་རྩ་ལས་གྲྭའི་གནམ་གྲུ་ཐང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཇེ་མགྱོགས་སུ་བསྐྲུན་པར་བརྟེན། སྐམ་ས་དང་རྒྱ་མཚོའི་འགྲིམ་འགྲུལ་མཉམ་འཕེལ། ཤར་རྒྱུད་དང་ནུབ་རྒྱུད་སྦྲེལ་མཐུད། ལྷོ་རྒྱུད་དང་བྱང་རྒྱུད་བར་བདེ་བགྲོད་ཐུབ་པའི་ཕྱོགས་བཞི་མཚམས་བརྒྱད་ལ་ཐར་བའི་འཐབ་ཇུས་རང་བཞིན་གྱི་འགྲིམ་འགྲུལ་བར་ཁྱམས་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་བར་ཁྱམས་གྲུབ་པ་བྱ་དགོས། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་ལས་སྟེགས་འཛུགས་སྐྱོང་བྱས་ཏེ་སྤུས་ཀ་ཡག་པོའི་ཀྲུང་གོའི(སི་ཁྲོན)རང་མོས་ཉོ་འཚོང་གི་ཚོད་ལྟ་ས་ཁུལ་འཛུགས་སྐྱོང་བྱ་རྒྱུ་དང་། ཧུར་ཐག་གིས་རྒྱལ་ཁབ་མི་འདྲ་བའི་བར་ལ་མཉམ་ལས་བྱེད་ཁུལ་འཛུགས་སྐྱོང་བྱས་ཏེ་དོན་དངོས་སུ་གལ་ཆེ་བའི་འགྲེམ་སྟོན་བྱེད་སྒོ་འཛུགས་གཉེར་ཡག་པོ་བྱས་ནས་རྒྱུན་ཆད་མེད་པར་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་ཆུ་ཚད་མཐོ་རུ་གཏང་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ཞིང་ལས་ཀྱི་ཞིང་ཆེན་པོའི་བྱང་བུ་བེད་ཡག་ཡག་པོ་སྤྱོད་རྒྱུ་དང་བློ་བརྟན་འགྱུར་མེད་ཀྱིས་དབུལ་ཐར་འགག་སྒྲོལ་ཐུབ་རྒྱུ་ལ་སོགས་པའི་སྐོར་གྱི་གལ་ཆེ་བའི་མཛུབ་སྟོན་སློབ་སྦྱོང་དང་ལག་ལེན་བྱས་ནས་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་གལ་ཆེའི་ནང་གི་གལ་ཆེན་གྱི་ནང་དོན་ཁོང་དུ་ཟབ་མོ་ཆུད་དེ་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་གཏང་རྒྱུའི་འཐབ་ཇུས་ལག་ལེན་བྱེད་པ་དང་། གཅིག་གྱུར་གྱིས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་ཤེས་ཡོན་མི་དར་རྒྱས། རིག་གནས་དར་རྒྱས། སྐྱེ་ཁམས་དར་རྒྱས། རྩ་འཛུགས་དར་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་གི་སི་ཁྲོན། འཚོ་གནས་འཚམ་པའི་གྲོང་གསེབ་ཀྱི་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱས་ཏེ་བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་རིམ་པ་སྤར་རྒྱུར་དམ་འཛིན་ཡག་པོ་བྱ་དགོས། དབུལ་ཐར་འགག་སྒྲོལ་བྱ་རྒྱུ་ནི་ཆེས་ཆེ་བའི་ཆབ་སྲིད་ལས་འགན་དང་ཆེས་ཆེ་བའི་དམངས་འཚོ་ལས་གྲྭ། ཆེས་ཆེ་བའི་འཕེལ་རྒྱས་གཏང་རྒྱུའི་གོ་སྐབས་ཡིན་ཞིང་། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ་གྱི་དམིགས་ཡུལ་ལ་གཞིགས་ནས་ཧ་ཅང་དབུལ་པོའི་ས་ཁུལ་དང་དམིགས་བསལ་གྱི་མང་ཚོགས་དབུལ་པོ་གཙོ་གནད་བྱས་ཏེ་ཤུགས་མཉམ་འདོན་བྱས་ནས་འགག་སྒྲོལ་བྱ་དགོས།གྲོང་ཁྱེར་དང་གྲོང་གསེབ་གཅིག་འདུས་ཀྱི་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བྱས་ཏེ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ནང་རྐྱེན་གྱི་སྲིད་ཇུས་མ་ལག་འཛུགས་རྒྱུ་དང་དེ་འཐུས་སྒོ་ཚང་དུ་གཏོང་བར་བརྟེན། ཏན་ཏིག་གིས་མིས་གཙོ་བོ་བྱས་པའི་དཔེ་གསར་གྱི་གྲོང་རྡལ་ཅན་འཛུགས་སྐྱོང་བྱས་ནས་བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་སྤེལ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་སྐུལ་ཁྲིད་བྱས་པའི་དཔེ་གསར་གྱི་བཟོ་ཞིང་དང་གྲོང་ཁྱེར།གྲོང་གསེབ་ཀྱི་འབྲེལ་བ་ཆགས་པ་བྱ་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱིས་ལྟེ་གནས་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྟན་པོ་ཆགས་པ་བྱ་རྒྱུ་ལ་སོགས་པའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་སློབ་སྦྱོང་དང་ལག་ལེན་བྱས་ཏེ་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏང་རྒྱུའི་རིན་ཐང་ལེན་ཕྱོགས་ཁོང་དུ་ཟབ་མོ་ཆུད་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཐད་ཀྱི་དགོས་མཁོ་དེ་བས་ཡག་པོ་སྐོང་ཐུབ་པ་བྱ་དགོས། སྤྱི་ཚོགས་ཀྱི་དམངས་འཚོའི་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་སློབ་གསོ་དང་སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་ཀྱི་འཕྲལ་བཀོལ་སེམས་ཁྲལ་གྱི་དམངས་འཚོའི་གནད་དོན་ཐག་གཅོད་བྱས་མཐར། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་རྒྱུན་ཆད་མེད་པར་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚོར་དང་ཉེན་མེད་ཚོར་སྣང་ཇེ་དྲག་ཏུ་དགོས། རིག་གནས་ཀྱི་ཞིང་ཆེན་སྟོབས་ལྡན་ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་ཚུལ་གསོ་སྐྱོང་དང་ལག་ལེན་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་དབང་དང་དོ་དམ་བྱེད་དབང་། སྐད་ཆ་བཤད་དབང་བརྟན་པོ་བཟུང་ནས་སྔར་ལྷག་གིས་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏང་དགོས། རིག་གནས་ཐོན་ལས་གསོ་སྐྱོང་དང་སྟབས་བདེ་བྱས་ཏེ་མི་དམངས་མང་ཚོགས་ལ་ཉིན་རེ་ལས་ཉིན་རེར་འཕར་བའི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་དེ་བས་ཡག་པོ་སྐོང་ཐུབ་པ་བྱ་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུའི་བྱ་བ་འདི་ཡག་པོ་བསྒྲུབས་ནས་སི་ཁྲོན་གྱི་གནམ་དེ་བས་སྔོན་ཞིང་། ས་གཞི་དེ་བས་ལྗང་བ། ཆུ་དེ་བས་དྭངས་བ་ལ་སོགས་པའི་གལ་ཆེའི་བཀའ་སློབ་སློབ་སྦྱོང་བྱས་ཏེ་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏང་རྒྱུའི་སྐྱེ་ཁམས་ལས་འགན་ཁོང་དུ་ཟབ་མོ་ཆུད་པར་བྱས་ཏེ་རྒྱུན་མཐུད་དུ་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏང་དགོས།རི་ཀླུང་སྔོན་ཞིང་ཆུ་རྒྱུན་དྭངས་བ་རིན་ཆེན་གསེར་དངུལ་ལྟ་བུ་ཡིན་པའི་འདུ་ཤེས་ལག་ལེན་ནན་ཏན་བྱས་ཏེ་སྲུང་སྐྱོང་ཆེན་པོ་མཉམ་འཛིན་དང་གསར་སྦོལ་ཆེན་པོ་མི་བྱ་རྒྱུ་རྒྱུན་འཁྱོངས་བྱས་མཐར། སྐྱེ་ཁམས་དམིགས་སུ་བཀར་རྒྱུ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་ནས་གཞི་ཁྱོན་ཆེན་པོས་སི་ཁྲོན་ཡོངས་སུ་ལྗང་མདོག་བྱ་རྒྱུའི་བྱ་སྤྱོད་སྤེལ་ནས་སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་བྱ་རྒྱུའི་བྱ་བ་ཆེན་པོ་བརྒྱད་སྒྲུབ་ཐུབ་པ་བྱ་རྒྱུ་དང་། ལྗང་མདོག་ཐཱན་དམའི་དཔལ་འབྱོར་འཁོར་རྒྱུག་འཕེལ་རྒྱས་གཏང་རྒྱུའི་བྱ་སྤྱོད་ཆེན་པོ་ལྔ་ལག་ལེན་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྱོང་ཏན་ཏིག་བྱ་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲ་བརྟན་གྱིས་བཅའ་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ་ལ་སོགས་པའི་སྐོར་གྱི་གལ་ཆེ་བའི་མཛུབ་སྟོན་སློབ་སྦྱོང་དང་ལག་ལེན་བྱས་ཏེ་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏང་རྒྱུའི་ཁྲིམས་སྐྱོང་འགན་སྲུང་ཁོང་དུ་ཟབ་མོ་ཆུད་པ་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་།ཡུན་རིང་བདེ་འགོད་མངོན་འགྱུར་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཧུར་ཐག་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པའི་སི་ཁྲོན་གྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་སྟོབས་ལྡན་བྱ་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དང་།བཟོ་ཚོང་དང་གུང་གཞོན། བུད་མེད་སོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། བཅའ་ཁྲིམས་ལྟར་ཞིང་ཆེན་སྐྱོང་རྒྱུ་ལག་ལེན་བྱས་ཏེ་ཏང་གིས་ཁྲིམས་སྐྱོང་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ཏན་ཏིག་གིས་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་དང་ལག་ལེན་ཟབ་མོ་བྱས་ཏེ་ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ། ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་བསྡུས་ཆ་ཚང་བའི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ་བཅའ་ཁྲིམས་ལྟར་བོད་ཁུལ་བཅོས་སྐྱོང་ཟབ་སྤེལ་དང་། དབྱིས་རིགས་ས་ཁུལ་དུག་རྫས་གཏན་འགོག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱ་དགོས། སེམས་ཐག་གཙང་བཅད་ཀྱིས་ཉེན་ཁ་ཆེན་པོ་ཟོན་འགོག་དང་མེད་པ་བཟོ་རྒྱུའི་འགག་སྒྲོལ་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དངུལ་ལོར་དང་ས་གནས་སྲིད་གཞུང་གི་བུན་ལོན་སོགས་ཐད་ཀྱི་ཉེན་ཁ་ཟོན་འགོག་དང་མེད་པ་བཟོ་དགོས། སེམས་ཐག་གཙང་བཅད་ཀྱིས་སྤྱི་ཚོགས་བརྟན་བརྟན་བརླིང་དང་ཉེན་མེད་ཐོན་སྐྱེད། བཟའ་བཅའ་སྨན་རྫས་བཅས་ཉེན་མེད་ཀྱི་མཐའ་ཚད་སྲུང་འཛིན་ཡག་པོ་བྱ་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ལ་སོགས་པའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་སློབ་སྦྱོང་དང་ལག་ལེན་བྱས་ཏེ་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་ཆབ་སྲིད་འགན་སྲུང་ཁོང་དུ་ཟབ་མོ་ཆུད་པ་བྱས་མཐར། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དེ་ཟབ་ཕྱོགས་སུ་འཕེལ་རྒྱས་གཏང་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་འདི་ཨང་དང་པོར་བཞག་ནས་ཏན་ཏིག་གིས་འདུ་ཤེས་བཞི་བརྟན་པོ་འཆང་བ་དང་། རང་རྟོན་བཞི་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོང་བྱ་རྒྱུ་གཉིས་དེ་རྩ་བའི་ཆབ་སྲིད་ལས་འགན་ལ་བརྩིས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་ཀྱིས་འགོ་ཁྲིད་གནང་བར་གནོད་པའི་གནས་ཚུལ་སི་ཁྲོན་དུ་གཏན་ནས་མེད་པ་བྱ་དགོས། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་འགྲོ་ལུགས་ནན་སྲུང་བྱས་ཏེ་སྲ་བརྟན་གྱི་ཆབ་སྲིད་ངེས་ཤུགས་ལ་བརྟེན་ནས་ཀྲུའོ་ཡུང་ཁང་གི་དུག་རྒྱུན་གྱི་ཤུགས་རྐྱེན་རྦད་དེ་མེད་པ་བཟོས་ནས་སྔར་ལྷག་གིས་ཆབ་སྲིད་ཀྱི་ཁོར་ཡུག་ཉམས་གསོ་གཙང་དག་བྱ་དགོས། རྒྱུན་མཐུད་དུ་སྲིད་སྐྱོང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་འཁྱོངས་ལྷོད་མེད་དང་སྤྱོད་བཟང་སྒྲིག་སྲུང་། གསོ་འཁྱོངས་དགེ་མཚན་སྐྱོན་བྲལ་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་གྲུབ་པ་བྱ་དགོས། ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་ཁྱབ་ཁོངས་ནང་གི་རུལ་སུངས་དང་སྤྱོད་པའི་གནད་དོན་ཆེད་དོན་བཅོས་སྐྱོང་བྱས་ཏེ། མང་ཚོགས་ཀྱི་ཟུར་དུ་བྱུང་བའི་རུལ་སུངས་ཆུང་ངུ་ལ་རྡུང་རྡེག་ནན་པོ་བྱས་ནས་ཆབ་སྲིད་ཀྱི་དཔལ་ཡོན་དང་འཕེལ་རྒྱས་གཏོང་སའི་ཁོར་ཡུག་འཛུགས་སྐྱོང་ཡག་པོ་བྱ་དགོས། འགོ་ཁྲིད་ཚོགས་པ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་རྒྱུའི་ལས་དོན་ལ་དེ་བས་དོ་སྣང་བྱ་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་བྱ་རྒྱུ་མཉམ་འཛིན། ངར་ཤུགས་སློང་རྒྱུ་དང་རང་གཅུན་བྱ་རྒྱུ་མཉམ་གནས་བྱ་རྒྱུ་རྒྱུན་འཁྱོངས་བྱས་མཐར། བརྩེ་སེམས་ཡོད་པའི་སྒོས་ལས་བྱེད་པར་སེམས་ཁུར་བྱས་ཏེ་ལུས་པོར་ནད་བརྟག་དང་ངལ་གསོ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ནས་ལས་བྱེད་པས་ལས་དོན་སྒྲུབ་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་བཞིན་འདོན་སྤེལ་གང་ལེགས་བྱ་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བྱ་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་ཀྱི་དུམ་རིམ་ཞིག་གི་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པ་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལ་གོ་བ་ཟབ་དང་གནད་དུ་སྨིན་པ་ཁོང་དུ་ཆུད་པ་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་སློབ་གསོ། དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་མུ་མཐུད་ནས་ཏན་ཏིག་གིས་སློབ་སྦྱོང་ཆེན་པོ། གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོའི་བྱེད་སྒོ་སྤེལ་ནས་དངོས་གནས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་སོ་སོ་དོན་ཐོག་འཁྱོལ་བར་བྱ་དགོས། ཏང་ཡོན་ལས་བྱེད་པ་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པས་སྔར་ལྷག་གིས་བསམ་བློ་བཅིངས་འགྲོལ། གསར་གཏོད་གསར་སྐྲུན། སློབ་སྦྱོང་ལ་ཤུགས་སྣོན། འཇོན་ནུས་ཇེ་དྲག ལས་དོན་སྒྲུབ་འགན་འཁུར་བ། དཀའ་སྤྱད་དངོས་སྒྲུབ། དྲང་བདེན་སྤྱོད་གཙང་། ཀུན་སྤྱོད་དཔེ་སྟོན་བཅས་བྱས་ནས་དུས་རབས་གསར་པའི་ནང་གི་ལས་འགན་གསར་པ། བྱས་རྗེས་གསར་པ་གང་ལེགས་མཚོན་པ་བྱ་དགོས།
  ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་གནང་དོན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲིག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སི་ཁྲོན་ལེ་ཚན་གྱིས་ཁྲིད་སྟོན་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་ལོ་རྒྱུས་ཀྱི་ལས་འགན་ཡིད་ལ་བརྟན་པོ་འཆང་། ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་འཕེལ་རྒྱས་གཏོང་སྟངས་སྐོར་གནང་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་རེ་རེ་བཞིན་དོན་དངོས་སུ་གྱུར་པ་བྱས་མཐར། ཁྱོན་ཡོངས་ནས་འབྱོར་འབྲིང་བསྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་དང་དཔལ་འབྱོར་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྱོང་བྱས་ཏེ་སི་ཁྲོན་བཅོས་སྐྱོང་དར་རྒྱས་སླར་ཡང་སྐས་རིམ་གསར་པར་བསླེབ་པར་སྐུལ་འདེད་ཧུར་ཐག་གཏང་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1