མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་ཟླ་7པར་མཁའ་དབྱིངས་ཀྱི་ཡུལ་སྐོར་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-03


        ཟླ་6ཚེས་27ཉིན། མཚོ་སྔོན་པོའི་ཡུལ་སྐོར་མཐུན་ཚོགས་ཚད་ཡོད་ཀུང་སི་དང་ཞི་ཨན་ཐད་འཕུར་གནམ་གྲུ་ཚད་ཡོད་ཀུང་སི་མཉམ་ལས་བྱས་ནས་བཟོས་པའི"མཚོ་སྔོན་པོར་མཁའ་དབྱིངས་སྐྱེས་ཁམས་ཡུལ་སྐོར་མྱོང་རོལ十ཛ་དྲག་རོགས་སྐྱོར།"ཞེས་པའི་རྣམ་གྲངས་དེ་ཚོད་ལྟ་བྱས་ཏེ། ཁག་དང་པོའི་ཚོད་འཕུར་ཡུལ་སྐོར་བ་ཐད་འཕུར་གནམ་གྲུར་བསྡད་ནས་ཟི་ལིང་ནས་འཕུར་བ་རེད། མཁའ་ལམ་ནི་ཉི་ཟླ་རི་བོ་དང་། རྟ་ནག་ཆུ། མཚོ་སྔོན་པོ་སོགས་ལྗོངས་ཁུལ་གྱི་མཁའ་དབྱིངས་ཡིན་པས། མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་མཁའ་དབྱིངས་ནས་ཡུལ་སྐོར་བྱས་པ་རེད།

        མཁའ་ལམ་འདི་ནི་ཟླ་7པར་དངོས་སུ་འགོ་ཚུགས་པ་དང་། སྐབས་འདིར་ཡུལ་སྐོར་བ་ཐད་འཕུར་གནམ་གྲུར་བསྡད་ནས། མཁའ་དབྱིངས་ནས་མཚོ་སྔོན་པོ་དང་མཚོ་སྔོན་གྱི་མཛེས་སྡུག་ཉམས་སུ་མྱོང་ཆོག་གི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1