གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༠༣ཉིན།

༄༅།། ཟས་རིགས་འདི་བཞི་ཇི་ལྟར་ཟོས་ན་དེ་ལྟར་རྨོངས་པར་འགྱུར་།

1.འཐུམ་བསྙལ་སྒོ་ང་།——དེར་ཞ་ཉེ་འདུས།
        འཐུམ་བསྙལ་སྒོ་ང་མོད་པོ་བཟའ་མི་རུང་སྟེ། དེས་མིའི་ལུས་ཕུང་ལ་དུག་སྐྱོན་ཕོག་སྲིད་ལ། དུག་སྐྱོན་གྱི་ནད་རྟགས་གཙོ་པོ་ནི་ཞེ་ལོག་པ་དང་སྐྱུག་པ། མགོ་ཡུ་འཁོར་བ། གསུས་པ་གཟེར་བ། ཕོ་བ་བཤལ་བ་སོགས་ཡིན། རྒྱུ་མཚན་ནི་འཐུམ་བསྙལ་སྒོ་ངའི་ཁྲོད་དུ་ཕྲ་ཞིང་ཞིབ་པའི་ཞ་ཉེ་འདུས་ཤིང་། ཞ་ཉེ་ནི་གསོག་ཉར་རང་བཞིན་གྱི་དུག་རྒྱུ་ཞིག་ཡིན་པས། ལུས་ཕུང་གི་ཕྱི་རུ་འདོན་པའི་འགྲོས་ཚད་དལ་ཞིང་། དལ་བའི་རང་བཞིན་གྱི་དུག་ཕོག་སླ་བ་མ་ཟད། དོན་སྣོད་དང་རུས་རྐང་དུ་འཐིམ་སྲིད། ཡུན་རིང་པོར་ཟོས་ན་ཞ་ཉེའི་དུག་གི་གནོད་པ་ཐེབས་ཏེ། དྲན་པ་ཉམས་པ་དང་ལུས་ཀྱི་སྐྱེ་འཕེལ་དལ་བར་འགྱུར་ངེས། འཐུམ་སྒོང་ལས་གཞན་འབྲས་ཡོས་དང་ཞ་ཉེས་ཚ་ལ་བརྒྱབས་པའི་ལྕགས་ཀྲིན་ཟས་རིགས་ཀྱིས་ཀྱང་ཞ་ཉེའི་དུག་ཕོག་སླ།

2.སྲན་ཐུད་སུངས་མ།——དེར་སྐྱེ་དངོས་ཨེན་དང་མི་ཟི་ཆིང་འདུས།
        སྲན་ཐུད་སུངས་མ་བསྙལ་བའི་གོ་རིམ་ཁྲོད། གནོད་ལྡན་དངོས་པོ་དུ་མ་འབྱུང་ཞིང་། དཔེར་ན། སྐྱེ་དངོས་ཨེན་དང་མི་ཟི་ཆིང་། བམ་རུལ་གཡའ་དུག་སོགས་འདུས་པས། མིའི་ལུས་ཕུང་ལ་གནོད་པ་ངེས་ཅན་ཐེབས་སྲིད།

3.འབྲས་ཡོས།——དེར་མངར་བཅུད་དང་ཞ་ཉེ་འདུས།
        འབྲས་ཡོས་ཁྲོད་མངར་བཅུད་དང་ཞ་ཉེ་མོད་པོ་འདུས་ཤིང་། གནོད་ལྡན་དངོས་རྫས་འདི་དག་མིའི་ལུས་ཕུང་དུ་བསྡུ་ལེན་བྱས་ན་དབང་རྩ་དང་འཇུ་བྱེད་མ་ལག ཟུངས་ཁྲག་གྲུབ་ནུས་སོགས་ལ་གནོད་སྲིད། མངར་བཅུད་བཟོ་བའི་རྒྱུ་ཆ་གཙོ་བོ་ནི་རྡོ་སྣུམ་རྫས་འགྱུར་གྱི་ཐོན་རྫས་ཡིན། དངོས་རྫས་ཀ་པུན་མོད་པོ་བསྡུ་ལེན་བྱས་ན། མིའི་ལུས་ལ་གློ་བུར་དུ་དུག་ཕོག་སྲིད་པས། ལུས་ཀྱི་བདེ་ཐང་ལ་གནོད་འཚེ་ཤིན་ཏུ་ཆེ། ཁིལ་ཧྥོན་སྐྱུར་ལྟ་བུའི་མ་རྒྱུས་ཆུ་འབྱིན་ནས་ཁིལ་ཆིང་རྫས་ཀྱི་རླུང་གཟུགས་སུ་གྲུབ་སླ་བས། མི་ལུས་ལ་སྔར་བཞིན་གནོད་འཚེ་ལྡན། གང་ལྟར། མངར་བཅུད་བཟོ་བའི་གོ་རིམ་ཁྲོད་གསར་དུ་ཐོན་པའི་དངོས་རྫས་ཀྱིས་མིའི་བདེ་ཐང་ལ་གནོད་འཚེ་ངེས་ཅན་ཐེབས་སྲིད།

4.མགྲེ་བཅུད།——དེར་ཀུད་ཨེམ་སྐྱུར་རྫས་འདུས།
        མགྲེ་བཅུད་མོད་པོ་བསྡུ་ལེན་བྱས་ན་ཟུངས་ཁྲག་གི་ཁྲོད་དུ་ཀུད་ཨེམ་སྐྱུར་རྫས་ཀྱི་ཚད་ཇེ་མཐོར་འགྱུར་བས། མིའི་ལུས་པོས་ཀལ་དང་རྨེ་ཡི་གཞི་རྒྱུ་བཀོལ་སྤྱོད་བྱེད་པར་ཚད་བཀག་ཐེབས་པས། དུས་ཡུན་ཐུང་བའི་མགོ་གཟེར་བ་དང་སེམས་འཚབ་པ། ཞེ་ལོག་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད་ལ། གལ་ཏེ་མགྲེ་བཅུད་ཟོས་པ་མང་དྲག་ན། ད་དུང་ཀླད་ཆེན་ཕྲ་ཕུང་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་པར་བར་ཆད་ཐེབས་སྲིད་དོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1