༄༅།། ལོ་ཙཱ་བ་འཇམ་དབྱངས་དར་རྒྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


           སྤྱི་ལོ་1971ལ་མདོ་སྨད་འབལ་ཡུལ་གྱི་སྐལ་མོ་ཆེ་གྲོང་ཚོར་སྐྱེས། སྔ་ཕྱིར་གྲོང་ཚོའི་སློབ་ཆུང་དང་།མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ།མཚོ་སྔོན་སློབ་གསོ་སློབ་གླིང་མི་རིགས་སྡེ་ཁག་གི་བོད་ཡིག་ཆེད་ལས་ཀྱི་ཡིག་ཐོག་འཛིན་གྲྭ།མཚོ་སྔོན་མི་རིགས་སློབ་གླིང་གི་བོད་ཀྱི་གནའ་རབས་རྩོམ་རིག་གི་ཞིབ་འཇུག་སློབ་མའི་འཛིན་གྲྭ་སོགས་སུ་སློབ་གཉེར་བྱས།1989ལོར་ལས་ཀར་ཞུགས་པའི་ཚུན་ལ། འབལ་རྫོང་མི་(རིགས་སློབ་འབྲིང་དང་།ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་བཅས་སུ་དགེ་རྒན་དང་།ལོ་ཙཱ། རྩོམ་སྒྲིག་བཅས་ཀྱི་ལས་ཀ་རིམ་པར་བྱས་མྱོང་།
           ད་ལྟའི་བར་རིག་གཞུང་དུས་དེབ་ཁག་ཏུ་དཔྱད་རྩོམ་བཅོ་ལྔ་བཀོད་པ་དང་།«རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས»(དེབ་1—5)ཡིས་གཙོས་པའི་འགྱུར་མའི་དེབ་བཅུ་གཉིས་མི་རིགས་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་སོགས་ནས་པར་དུ་བསྐྲུན།འགྱུར་རྩོམ་ཉིས་བརྒྱ་ལྷག«ཀྲུང་གོའི་བོད་རིག་པ»«ཀྲུང་གོའི་བོད་ལྗོངས»«པོ་ཏ་ལ»«མི་རིགས་བརྙན་པར»«མི་རིགས་ཀྱི་རྩོམ་རིག»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་སུ་བཀོད།ལས་གྲོགས་གཞན་དང་མཉམ་འབྲེལ་གྱིས་བསྒྲིགས་པའམ་གཙོ་སྒྲིག་བྱས་པའི་དེབ«རྒྱ་བོད་བརྡ་ཆད་གསར་པ»«མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར»«མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར»སོགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1