གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༠༡ཉིན།

ལི་ཁེ་ཆང་གིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ལ་མཇལ་འཕྲད་གནང་།

          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་28ཉིན་གྱི་ཕྱི་དྲོར་ནན་ཅིན་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ལ་མཇལ་འཕྲད་གནང་།
          ལི་ཁེ་ཆང་གིས་བསྟན་དོན། ནན་ཅིན་ན་གཞོན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ནས་ལུས་རྩལ་དང་རིག་གནས། སློབ་གསོ་སོགས་གཞི་གཅིག་ཏུ་གྲུབ་ནས་རྒྱལ་ཁབ་སོ་སོའི་ན་གཞོན་ལོ་ཆུང་བར་ཕན་ཚུན་བརྗེ་རེས་དང་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་ཞིག་འདོན་སྤྲོད་བྱས་པ་དང་། འཛམ་གླིང་ཡོངས་ལ་ཨོ་ལིན་ཕིག་གི་འདུ་ཤེས་ཤིག་ཆགས་སུ་བཅུག་པ་མ་ཟད། མཐུན་སྒྲིལ་དང་། མཛའ་བཤེས། ཞི་མཐུན་དང་། བཟོད་སྒོམ་བཅས་ཀྱི་མི་ཆོས་སྙིང་སྟོབས་ཤིག་ཀྱང་མཚོན་ཡོད། ནན་ཅིན་ན་གཞོན་ཨོ་རྩལ་འགྲན་ཚོགས་གྲོལ་སོང་ནའང་། ཨོ་ལིན་ཕིག་སྙིང་སྟོབས་དེ་ཚང་མའི་སེམས་ཁོང་དུ་གནས་ཡོད་ཅེས་གསུངས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1