པེ་ཅིང་དུ་མངའ་རིས་ཀྱི་པར་རིས་འགྲེམས་སྟོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-06


        ཟླ་7ཚེས་4ཉིན། བོད་ལྗོངས་མངའ་རིས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི“འཛམ་གླིང་ཡང་རྩེའི་མངའ་རིས། ཞང་ཞུང་གི་བག་ཆགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་པར་རིས་འགྲེམས་སྟོན་པེ་ཅིང་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་བྱས་པ་རེད།

        མངའ་རིས་ས་ཁུལ་གྱི་རང་བྱུང་ཡུལ་ལྗོངས་དང་ངོ་མཚར་ཆེ་བའི་ཆོས་ལུགས་རིག་གནས། ལོ་རྒྱུས་ཡུན་རིང་ལྡན་པའི་རྗེས་ཤུལ། གདོད་མའི་རང་བྱུང་སྐྱེ་ཁམས། དེ་བཞིན་བབ་ཆགས་པའི་དམངས་སྲོལ་སོགས་སྐོར་གྱི་པར་རིས་བཅུ་ལྷག་འགྲེམས་སྟོན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1