འཇམ་དཔལ་རྒྱ་མཚོ་ལགས་ཀྱི་《དཔའ་བོ་གེ་སར་》དཔར་བསྐྲུན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-09


     《གླིང་སྒྲུང་》ནི་འཛམ་གླིང་རིག་གནས་བང་མཛོད་ནང་གི་འོད་མདངས་འཚེར་བའི་མུ་ཏིག་ལྟ་བུ་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་རིག་གནས་ལ་ཕུལ་བའི་གལ་ཆེའི་ལེགས་སྐྱེལ་ཤིག་ཡིན་པས། ཤར་ཕྱོགས་ཀྱི་《ཧོ་མའི་ལོ་རྒྱུས་སྙན་ངག་》ཞེས་མཚན་གསོལ་ཡོད་པ་རེད།
    ཉེ་བའི་ལོ་འགའི་ནང་དུ། རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་བའི་གོ་སྐབས་དང་བསྟུན་ནས། 《གླིང་སྒྲུང་》ནི་མང་ཚོགས་ཅན་དང་། སྣ་མང་ཅན། ཐོན་ལས་ཅན་བཅས་ལ་ཕྱོགས་ནས་འཕེལ་རྒྱས་ཕྱིན་པ་དང་། གློག་བརྙན་དང་བརྙན་འཕྲིན། ཟློས་གར། ཞབས་བྲོ་སོགས་གསར་གཏོད་ཀྱི་ཡོང་ཁུངས་སུ་གྱུར་ཡོད་པ་རེད། 《དཔའ་བོ་གེ་སར་》ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ།  འབུམ་རམས་སློབ་མའི་སློབ་དཔོན། 《གླིང་སྒྲུང་》རིག་གཞུང་ཚན་ཁག་གི་སྣེ་འཁྲིད་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་པ་རེད།
     《དཔའ་བོ་གེ་སར་》ཞེས་པའི་དཔེ་དེབ་ལ་ཡིག་འབྲུ་ཁྱོན་ཁྲི་150ཡོད་ཅིང་། རྩོམ་པ་པོས་རྩོམ་བསྒྲིགས་བྱས་པའི་བམ་པོ་40  དཔེ་དེབ51  ཡིག་འབྲུ་ཁྲི་2000ཡོད་པའི་བོད་ཡིག་པར་གཞིའི་《གླིང་སྒྲུང་》(གཅེས་བཏུས)གཞི་བྱས་ཡོད་པ་དང་། ད་དུང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་བཀྲ་བྷ་དང་བསམ་འགྲུབ་ཀྱི་གཏམ་བཤད་ཀྱང་དཔྱད་གཞིར་འཛིན་ཡོད་ཅིང་། 《དཔའ་བོ་གེ་སར་》ནི་རྩོམ་པ་པོས་ལོ་ངོ་40རིང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཡིན་ཞིང་། དེ་ལ་ཆབ་སྲིད་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། རིག་གཞུང་གི་རིན་ཐང་། དེ་བཞིན་དུ་སྤྱི་ཚོགས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1